དེ་རིང་ནི2025ལོའི་ཟླ06པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཡོངས་ལྕགས་ལམ་གྱི་དབྱར་གསེང་སྐྱེལ་འདྲེན་ཟླ7པའི་ཚེས1ཉིན་བྱེད་མགོ་བརྩམ་རྒྱུ་དང་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར9.53སྐྱེལ་འདྲེན་བྱ་རྒྱུ་རེད།

2025-06-30 16:09:07   |   56

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།    ཤིན་ཧྭ་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཤིན་ཧྭ་གསར་འགྱུར་ཁང་གི་པེ་ཅིང་ནས་ཟླ6པའི་ཚེས30ཉིན་འབྱོར་བའི་གློག་འཕྲིན། ཚེས30ཉིན། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ7པའི་ཚེས1ཉིན། དུས་ཡུན་ཉིན62ཀྱི2025ལོའི་རྒྱལ་ཡོངས་ལྕགས་ལམ་གྱི་དབྱར་གསེང་སྐྱེལ་འདྲེན་བྱེད་མགོ་བརྩམ་རྒྱུ་རེད། ཟླ7པའི་ཚེས1ནས་ཟླ8པའི་ཚེས31ཉིན་བར། རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར9.53སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་དང་། དུས་མཚུངས་ལས5.8%འཕར་ནས་ཉིན་རེར་ཆ་སྙོམས་ཀྱིས་འགྲུལ་པ་མི་ཐེངས་ཁྲི1537སྐྱེལ་འདྲེན་བྱ་རྒྱུ་རེད།

རྒྱལ་ཁབ་ལྕགས་ལམ་ཚོགས་པ་སྐྱེལ་འདྲེན་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལྕགས་ལམ་སྡེ་ཚན་གྱིས་དབྱར་གསེང་རིང་འགྲུལ་པ་ཕྱིར་སྐྱོད་དང་དངོས་ཟོག་མཁོ་འདོན་འགན་ལེན་གྱི་དགོས་མཁོ་དང་འཚམ་པ་བྱས་ཏེ། ཟླ7པའི་ཚེས1ཉིན་དུས་ཚིགས་གསུམ་པའི་འཁོར་སྐྱོད་རེའུ་མིག་ལག་བསྟར་བྱེད་པའི་རྨང་གཞིའི་ཐོག དབྱར་གསེང་རིང་གི་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་གྱི་འཁོར་སྐྱོད་འཆར་གཞི་དུས་གཅིག་ཏུ་ལག་བསྟར་བྱས་ནས་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་རེབ་ཐེངས402མང་དུ་གཏོང་རྒྱུ་དང་། རྒྱལ་ཡོངས་ལྕགས་ལམ་གྱིས་ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར་རེབ་ཐེངས11500ཡན་གཏོང་རྒྱུའི་འཆར་གཞི་ཡོད་པ་དང་། དུས་མཚུངས་ལས5.5%འཕར་ཡོད་པ་རེད།

དབྱར་གསེང་སྐྱེལ་འདྲེན་བྱེད་རིང་། ལྕགས་ལམ་སྡེ་ཚན་གྱིས་ཁྲུང་ཆིང་ནས་ཞ་མོན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཁྲུང་ཆིང་ནས་ཆན་ཅང་དུམ་བུ་དང་། ཁྲུང་ཆིང་ཤར་ཚུགས་སོགས་ལམ་ཐིག་གསར་པ་དང་བབས་ཚུགས་གསར་པའི་ནུས་པ། པེ་ཅིང་ནས་ཧར་པིན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཅིང་ཧྲེན་དུམ་བུ་དང་ཧྲང་ཧའེ་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཧང་ཁྲང་དུམ་བུའི་ཚད་གཞི་མཐོ་བའི་འཁོར་སྐྱོད་གྲུབ་འབྲས་ཡག་པོ་སྤྱད་དེ་ས་ཁོངས་ཀྱི་འགྲུལ་པ་སྐྱེལ་འདྲེན་ནུས་པ་ཆེ་རུ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག ཁྱིམ་མིའི་གནས་སྐོར་དང་སློབ་སྦྱོང་གནས་སྐོར། གསར་བརྗེའི་གནས་སྐོར། ཁམས་གསོ་གནས་སྐོར་སོགས་ཁྱད་ཆོས་ལྡན་པའི་གནས་སྐོར་མེ་འཁོར་དང་དབུ་དཀར་ཆེད་གཏོང་མེ་འཁོར་བཀོད་སྒྲིག་བྱེད་རྒྱུ་དང་། བྱང་ཤར་དང་ལྷོ་ནུབ་ས་ཁུལ་དུ་ཧར་པིན་ཤར་ནས་ཧྥུ་ཡོན་དང་ཁུན་མིང་ནས་ཤིས་ཧྲོང་པན་ན་སོགས་གནས་སྐོར་མེ་འཁོར་མང་དུ་གཏོང་རྒྱུ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ནང་ཁུལ་དུ་ལྷོ་བྱང་རྒྱུད་བར་གནས་སྐོར་མེ་འཁོར་བཏང་ནས་ལམ་རྒྱུད་ཀྱི་ཟས་རིགས་དང་མཛེས་ལྗོངས། ཡུལ་སྲོལ་གོམས་འདྲིས་ཉམས་སུ་མྱོང་ཐུབ་པར་བྱས་ཏེ། མེ་འཁོར་མཛེས་ལྗོངས་ས་ཁུལ་དུ་གཏོང་བར་སྐུལ་འདེད་དང་། དབྱར་ཁའི་གུང་གསེང་རིང་གི་གནས་སྐོར་འཛད་སྤྱོད་ཀྱི་སྦས་ནུས་མངོན་པར་བྱེད་རྒྱུ་རེད།



མཉམ་སྤྱོད།