དེ་རིང་ནི2025ལོའི་ཟླ07པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སློབ་གསོ་པུས་མཐོ་རིམ་སློབ་འབྲིང་དཀྱུས་མའི་རིག་ཚན7གྱི་སློབ་ཁྲིད་སྒྲིག་ཆས་བཀོད་སྒྲིག་ཚད་གཞི་ཁྱབ་བསྒྲགས་བྱས་པ།

2025-07-01 17:05:01   |   87

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཤིན་ཧྭ་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ7པའི་ཚེས1ཉིན་འབྱོར་བའི་གློག་འཕྲིན། ཚེས1ཉིན། གསར་འགོད་པས་སློབ་གསོ་པུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་སློབ་གསོ་པུས་མཐོ་རིམ་སློབ་འབྲིང་དཀྱུས་མའི་རྩིས་རིག་དང་དངོས་ཁམས། སྐྱེ་དངོས་རིག་པ། ས་ཁམས། སྤྱི་སྤྱོད་ལག་རྩལ། ཆ་འཕྲིན་ལག་རྩལ་བཅས་རིག་ཚན7གྱི་སློབ་ཁྲིད་སྒྲིག་ཆས་བཀོད་སྒྲིག་ཚད་གཞི་ཁྱབ་བསྒྲགས་བྱས་ཤིང་། སློབ་གྲྭ་འབྲིང་ཆུང་གི་སྒྲིག་ཆས་བཀོད་སྒྲིག་གི་ཚད་གཞི་མ་ལག་འཐུས་ཚང་བཟོ་བ་དང་། རྒྱལ་ཡོངས་མཐོ་རིམ་སློབ་འབྲིང་དཀྱིས་མའི་སློབ་ཁྲིད་སྒྲིག་ཆས་ཀྱི་ཚན་རིག་དང་མཐུན་པའི་སྒྲིག་སྦྱོར་ལ་སྣེ་ཁྲིད་བྱས་ཏེ། རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་པོར་སྐུལ་འདེད་གཏང་རྒྱུ་རེད། 

བཀོད་སྒྲིག་ཚད་གཞི་དེ་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཚན་གྱི་ཇུས་གཞི་དང་སློབ་ཚན་གྱི་ཚད་གཞི་གཞིར་བཟུང་ནས་རྨང་གཞིའི་རང་བཞིན་གྱི་ཚོད་ལྟ་དང་། རྒྱ་བསྐྱེད་རང་བཞིན་གྱི་ཚོད་ལྟ། གསར་གཏོད་རང་བཞིན་གྱི་ཚོད་ལྟ་སོགས་རིམ་པ་མི་འདྲ་བའི་སློབ་ཁྲིད་དགོས་མཁོ་སྐོང་རྒྱུ་དང་། སློབ་གསོ་གྲངས་འཛིན་ཅན་གྱི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ནས་སློབ་ཁྲིད་སྒྲིག་ཆས་རིག་ནུས་ཅན་གྱི་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གྲངས་འཛིན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་སློབ་ཁྲིད་སྒྲིག་ཆས་གསར་སྣོན་དང་ཆ་འཕྲིན་ཅན་གྱི་ཚོད་ལྟའི་སློབ་ཁྲིད་ཁོར་ཡུག་མགྱོགས་མྱུར་བསྐྲུན་རྒྱུ་རེད།  དེ་དང་ཆབས་ཅིག སྒྲིག་ཆས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཚད་གཞི་ཚོད་འཛིན་ནན་པོ་བྱས་ཏེ། ལག་རྩལ་དཔྱད་གྲངས་ཀྱི་དམིགས་ཚད་དེ་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱེད་པ་དང་། སློབ་ཁྲིད་ནུས་པའི་བླང་བྱ་ཁ་གསལ་བཟོ་བ། བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོང་གི་ཚད་ལྡན་ལ་ཤུགས་སྣོན། བཀོལ་སྤྱོད་ཐད་ནས་མི་གསོ་སྐྱོང་གི་ཁྲིད་ཕྱོགས་མངོན་གསལ་དོད་པོ་ཡོང་བ་དང་། ལག་ལེན་གྱི་མཛུབ་ཁྲིད་ཆ་ཚང་ངང་མཁོ་འདོན་བྱས་ཏེ། སློབ་གསོའི་སྒྲིག་ཆས་དང་སློབ་ཚན་གྱི་ཚད་གཞི། སློབ་ཁྲིད་ལག་ལེན་བཅས་མཉམ་འདྲེས་དམ་ཟབ་ཡོང་བར་སྐུལ་འདེད་ཏན་ཏིག་བྱ་རྒྱུ་རེད།

སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བས་བཀོད་སྒྲིག་ཚད་གཞི་ལག་བསྟར་དང་བེད་སྤྱོད་བྱས་པ་དེས་མཐོ་རིམ་སློབ་འབྲིང་གི་སློབ་གཉེར་ཆ་རྐྱེན་མཐོ་རུ་གཏོང་བ་དང་། རྨང་གཞིའི་རིག་ཚན་འཛུགས་སྐྱོང་བརྟན་དུ་གཏོང་བ། སློབ་མའི་ཚན་རིག་བྱང་ཚད་དང་གསར་གཏོད་སྙིང་སྟོབས་སྐྱེད་སྲིང་བྱེད་པ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཐུབ་ཞེས་བཤད་པ་རེད།


མཉམ་སྤྱོད།