དེ་རིང་ནི2025ལོའི་ཟླ07པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོའི་ཀྲུང་གོའི་མི་རིགས་ཡིག་སྒྱུར་ལྟེ་གནས(ཅུ)ཀྱི་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་ཆེད་མཁས་བཤེར་འབེབས་ཚོགས་འདུ་འཚོགས།

2025-07-10 16:24:37   |   240

རྩོམ་སྒྲིག ཀླུ་མཁར་རྒྱལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


640 (3).jpg

ཟླ7ཚེས10ཉིན། ཀྲུང་གོའི་མི་རིགས་སྐད་ཡིག་སྒྱུར་ལྟེ་གནས(ཅུ)དང་། ཀན་སུའུ་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྒྲུབ་འགན་ཁུར་བའི2025ལོའི་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་ཆེད་མཁས་བཤེར་འབེབས་ཚོགས་འདུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་དུ་འཚོགས།

པེ་ཅིན་དང་། སི་ཁྲོན། ཡུན་ནན། བོད་ལྗོངས། ཀན་སུའུ། མཚོ་སྔོན་སོགས་ནས་ཕེབས་པའི་བོད་སྐད་ཡིག་གི་ལོ་ཙཱའི་ཆེད་མཁས30ལྷག་ཚོགས་འདུར་ཞུགས་ཏེ། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཚོགས་ཆེན་གཉིས་བཅས་ཀྱི་ཡིག་ཆ་དང་། ཏང་སྲིད་ཀྱི་ཚད་ལྡན་ཡིག་ཆ། ཁྲིམས་ལུགས་ཁྲིམས་སྲོལ་གལ་ཆེན་བཅས་དང་དེ་བཞིན་སྤྱི་ཚོགས་ཁྱབ་ཁོངས་ཁག་ནང་ཐོན་པའི་བརྡ་ཆད་གསར་པ190གཅིག་གྱུར་བཀས་བཅད་གནང་ཡོད།

640 (4).jpg

ཚོགས་འདུའི་མགོ་ཚུགས་མཛད་སྒོའི་ཐོག ཀྲུང་གུང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཝུའུ་ཡིས་ཤིས་ཚིག་ཕུལ། ཀྲུང་གོའི་མི་རིགས་ཡིག་སྒྱུར་ལྟེ་གནས(ཅུས)ཀྱི་ཅུ་ཀྲང་གཞོན་པ་པའོ་ཝུའུ་ཨེར་ཅང་གིས། མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་རམ་འདེགས་བྱེད་པའི་ཁྲོད་ཐོན་པའི་འབྲེལ་ཐག་ལྟ་བུའི་ནུས་པ་ནན་བཤད་གནང་བ་དང་། ཡིག་སྒྱུར་ཅུ་བཙུགས་ཚུན་ལོ་ཙཱའི་ལས་དོན་དང་གཞུང་ལུགས་ཞིབ་འཇུག་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་གལ་ཆེན་མང་པོ་ཞིག་ཕྱོགས་ཡོངས་ནས་གསེད་བཀྲོལ་གནང་བ་མ་ཟད། ཐེངས་འདིའི་བརྡ་ཆད་གསར་པ་གཅིག་གྱུར་ལས་དོན་ཐད་བླང་བྱ་གསལ་པོ་བཏོན་ཡོད།

 ཚོགས་འདུའི་ཐོག བརྡ་ཆད་གསར་པའི་ཡིག་སྒྱུར་ཚད་ལྡན་ཡོང་བ་བྱ་རྒྱུ་ནི་མི་རིགས་སྐད་ཡིག་ཡིག་སྒྱུར་ལས་དོན་ཁྲོད་ཆེས་གཞི་རྩར་གྱུར་པའི་ལས་དོན་ཞིག་ཡིན་ཞིང་། དེར་ཆབ་སྲིད་རང་བཞིན་དང་སྲིད་ཇུས་རང་བཞིན་ཆེན་པོ་ལྡན་པ་དང་། མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་ཡང་དག་ཡོང་རྒྱུ་དང་འབྲེལ་བ་ཡོད་པ་མ་ཟད། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་ལམ་ཕྱོགས་མཛད་ཕྱོགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་གོ་བ་ཡང་དག་ལེན་རྒྱུ་དང་འབྲེལ་བ་དམ་ཟབ་ཡོད་ལ། མི་རིགས་ས་ཁུལ་གྱི་སྲིད་འབྱོར་རིག་གསུམ་དང་སྤྱི་ཚོགས། སློབ་གསོ་བཅས་གོང་འཕེལ་གཏོང་བའི་དོན་དངོས་ཀྱི་དགོས་མཁོ་ཞིག་ཀྱང་ཡིན་ཞེས་ནན་བཤད་བྱས་ཡོད།

 ཚོགས་འདུའི་ཐོག བརྡ་ཆད་གཅིག་གྱུར་བཟོ་སྐབས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བསྐྱེད་པའི་གཙོ་ཐིག་ལ་རྩེ་གཅིག་ཏུ་དམིགས་ཏེ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ནང་གནས་བླང་བྱ་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྐད་ཡིག་ལས་དོན་ཐད་ཀྱི་མཛད་ཕྱོགས་སྲིད་ཇུས་དག་བརྡ་ཆད་གཅིག་གྱུར་བཟོ་བའི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་གཟབ་ནན་བྱས་ཏེ། བརྡ་ཆད་ཀྱི་ཆབ་སྲིད་རང་བཞིན་དང་འདུ་ཤེས་འཛིན་སྟངས་ལ་གཙིགས་ཆེན་བྱེད་དགོས། ཚད་གཞི་མཐོན་པོ་དང་བླང་བྱ་ནན་པོ་རྒྱུན་འཁྱོངས་བྱས་ཐོག བོད་སྐད་ཡིག་གི་བརྡ་ཆད་གསར་པ་ལོ་ཙཱ་བྱེད་སྐབས་འཚོལ་འདོགས་གཡར་གསུམ་གྱི་གཞི་རྩའི་རྩ་དོན་ལ་གཞིགས་པ་དང་། ཀུན་ཁྱབ་དང་དུས་བསྟུན་མཉམ་སྐྱོད་གཉིས་གཅིག་གྱུར་ཡོང་བ་བྱས་ཏེ། ཚད་གཞི་མཐོན་པོས་གཅིག་གྱུར་ལས་དོན་ལེགས་འགྲུབ་བྱེད་པ་དང་། སྤུས་ཚད་མཐོན་པོས་བརྡ་ཆད་ཚད་ལྡན་བཟོས་ནས་མི་རིགས་སྐད་ཡིག་གི་ལོ་ཙཱའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།


མཉམ་སྤྱོད།