དེ་རིང་ནི2025ལོའི་ཟླ07པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སློབ་གསོ་པུས་དབྱར་གནང་སྐབས་ཀྱི་སྦྱོང་ཚན་ཁ་གྲངས་ཚོད་འཛིན་ནན་པོ་བྱེད་དགོས་ཞེས་བསྒྲགས།

2025-07-16 16:20:16   |   162

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགོད་པས་ཟླ7ཚེས16ཉིན་སློབ་གསོ་པུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དབྱར་གནང་སྐབས་སུ་བྲུབ་དུས་དང་གུང་གསེང་མཉམ་དུ་ཁེལ་ཞིང་། བདེ་འཇགས་ཀྱི་ཉེན་ཁ་ཆེ་རུ་ཕྱིན་པ་དང་། བདེ་འཇགས་ཀྱི་དོན་རྐྱེན་སྣ་ཚོགས་ཐོན་སླ་བས་སློབ་གསོ་པུའི་གཞུང་ལས་ཐིང་གིས་ཉེ་ཆར་བརྡ་ཐོ་བཀྲམས་ནས། 2025ལོའི་སློབ་གྲྭ་འབྲིང་ཆུང་གི་དབྱར་གནང་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་བྱས་ཤིང་། རྒྱ་ཆེའི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་དུས་བདེ་སྤྲོ་སྣང་ལྡན་པའི་གུང་གསེང་ཞིག་གཏོང་རྒྱུའི་འགན་ལེན་དང་། དབྱར་གནང་སྐབས་ཀྱི་སྦྱོང་ཚན་ཁ་གྲངས་ཚོད་འཛིན་ནན་པོ་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན།

བརྡ་ཐོའི་ནང་གསལ་པོར་བསྟན་དོན། ས་གནས་སོ་སོའི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་སློབ་གྲྭས་སློབ་གསོ་པུའི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། དུས་ཆེན་དང་གུང་གསེང་རིང་སློབ་ཚན་གསབ་ཁྲིད་དང་། སྔོན་ལ་སློབ་མགོ་འཛུགས་པ། གནང་བ་ཕྱིར་འགྱངས་སོགས་བཀག་ཀྱང་མཚམས་མི་འཇོག་པར་སློབ་མའི་སློབ་སྦྱོང་གི་ཁུར་པོ་ལྕི་དྲགས་པའི་གནད་དོན་བཟོ་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ངལ་གཡེང་ཟུང་འབྲེལ་དང་ཕྱོགས་བསྡུས་འཕེལ་རྒྱས། སྐྱོན་བྲལ་འཚར་ལོངས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། དབྱར་གནང་སྦྱོང་ཚན་ཁ་གྲངས་ཚོད་འཛིན་ནན་པོ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྦྱོང་ཚན་བཀོད་སྒྲིག་ཚད་ལྡན་དུ་གཏོང་བ། ལག་འཁྱེར་ཁ་པར་སྟེང་སྦྱོང་ཚན་བཀོད་སྒྲིག་བྱེད་པ་དང་། སློབ་མར་ལག་འཁྱེར་ཁ་པར་སྤྱད་དེ་སྦྱོང་ཚན་ལེགས་པར་འགྲུབ་ཏུ་འཇུག་པའམ་ཡང་ན་ཁྱིམ་བདག་ལ་ཞིབ་བཤེར་དག་བཅོས་བྱེད་དགོས་པའི་བླང་བྱ་འདོན་པ་སོགས་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱེད་པ། ཕན་ནུས་ལྡན་པའི་ངང་སློབ་མའི་སློབ་སྦྱོང་གི་ཁུར་པོ་ལྕི་དྲགས་པ་ཇེ་ཡང་དུ་གཏོང་བ་བཅས་བྱས་ནས། རྒྱ་ཆེའི་དགེ་སློབ་རྣམས་ཀྱིས་བདེ་འཇགས་དང་བདེ་ཐང་། སྤྲོ་སྐྱིད་ཀྱི་གུང་གསེང་ཞིག་རོལ་བར་འགན་ལེན་ཏན་ཏིག་བྱེད་དགོས།

བརྡ་ཐོའི་ནང་བདེ་འཇགས་སློབ་གསོར་ཤུགས་བརྒྱབ་ནས་དོགས་ཟོན་ནུས་པ་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། དབྱར་གནང་སྐབས་གསར་འགྱུར་སྨྱན་སྦྱོར་སྣ་ཚོགས་དང་ལྷག་པར་དུ་དྲ་རྒྱའི་སྨྱན་སྦྱོར་གསར་པ་གང་ལེགས་སྤྱད་དེ། བདེ་འཇགས་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། བདེ་འཇགས་ཀྱི་དྲན་སྐུལ་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པ། སློབ་མར་བདེ་འཇགས་ཀྱི་འདུ་ཤེས་ཇེ་དྲག་གཏོང་བ་དང་རང་ངོས་ཀྱི་བདེ་འཇགས་ལ་དོ་སྣང་བྱེད་པར་དྲན་སྐུལ་བཅས་བྱས་ནས། བདེ་འཇགས་ཀྱི་དོན་རྐྱེན་སྣ་ཚོགས་ཐོན་རྒྱུ་ནན་འགོག་བྱེད་དགོས།


མཉམ་སྤྱོད།