དེ་རིང་ནི2025ལོའི་ཟླ07པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལོ་སྟོད་དུ་ཀྲུང་གོའི་དཔལ་འབྱོར་དུས་མཚུངས་ལས5.3%འཕར་བ།

2025-07-15 14:40:30   |   110

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།   ཤིན་ཧྭ་དྲ་བ།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་ཟླ7པའི་ཚེས15ཉིན་གཞི་གྲངས་ཁྱབ་བསྒྲགས་བྱས་ནས་ཞིབ་རྩིས་བྱས་པ་ལྟར་ན། 2025ལོའི་ལོ་སྟོད་དུ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར660536ཡིན་པ་དང་། འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ན་དུས་མཚུངས་ལས5.3%འཕར་ཡོད།

01.jpg

ད་ལོ་ནས་བཟུང་། སྔར་བས་རྙོག་འཛིང་དང་ཛ་དྲག་ཆེ་བའི་ཕྱི་རོལ་ཁོར་ཡུག་གི་འོག་ཏུ། ཀྲུང་གོའི་དཔལ་འབྱོར་གྱིས་དཀའ་ངལ་ཁྱད་བསལ་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ། དཔལ་འབྱོར་བརྟན་པོའི་ངང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱས་ཤིང་། མཉེན་གཤིས་དང་གསོན་ཤུགས་ཆེན་པོ་མངོན་ཡོད།


མཉམ་སྤྱོད།