དེ་རིང་ནི2025ལོའི་ཟླ07པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད95%ཡན་བརྟན་པོ་བྱུང་བ།

2025-07-14 17:25:21   |   61

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།   ཤིན་ཧྭ་དྲ་བ།     བཤེར་འབེབས།  རིན་ཆེན་ཚེ་རིང་། 


01.jpg

རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཟླ7པའི་ཚེས14ཉིན《2024ལོའི་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་ལེན་བྱ་གཞག་འཕེལ་རྒྱས་ཀྱི་སྡོམ་རྩིས་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་འཁོར་སྐྱོད་དང་། བུ་བཙའི་འགན་བཅོལ་ལམ་ལུགས་འགན་ལེན། ཡུལ་གཞན་དུ་སྨན་བཅོས་ཞབས་ཞུ། སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་སོགས་ཀྱི་ཐད་ནས2024ལོའི་སྨན་བཅོས་འགན་བཅོལ་བྱ་གཞག་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

སྤྱི་བསྒྲགས་ནང་། རང་རྒྱལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་འཁོར་སྐྱོད་བདེ་འཇགས་དང་བརྟན་པོ་ཡོད་པ་མངོན་ཡོད། 2024ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་དུང་ཕྱུར13.27ཙམ་ཡོད་པ་དང་། འགན་བཅོལ་ནང་ཞུགས་ཚད95%ཡན་བརྟན་པོ་བྱུང་ཡོད། 2024ལོའི་རྒྱལ་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ཡོང་སྒོ་སྡོམ་འབོར་སྒོར་དུང་ཕྱུར34913.37ཡིན་པ་དང་། ཐེབས་རྩའི་གཏོང་སྒོ་སྡོམ་འབོར་སྒོར་དུང་ཕྱུར29764.03ཡིན།

རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་བཙུགས་ཚུན་ཏུ་སྨན་བཅོས་འགན་བཅོལ་ཐེབས་རྩས་རིམ་རྩིས་བྱས་ན་གཏོང་སྒོ་སྒོར་དུང་ཕྱུར་ཁྲི16.48ཡིན་པ་དང་། ལོ་རེར་ཆ་སྙོམས་འཕར་ཚད11%སླེབས་ཡོད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ནད་ལ་ལྟ་བ་དང་སྨན་བཅོས་བྱེད་པར་འགན་ལེན་བརྟན་པོ་བྱས་ཡོད་ལ། སྨན་རྫས་ལས་རིགས་འཕེལ་རྒྱས་དང་། སྨན་རྫས་ལག་རྩལ་ཡར་ཐོན། ཐོན་ལས་ནུས་པ་ཆེ་རུ་གཏོང་བ་བཅས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།


མཉམ་སྤྱོད།