དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཆེན་ཡོངས་ཀྱི་སྐབས་གཉིས་པའི་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་སྡེ་ཆེན་རྩེད་རའི་རྩེད་དཔོན་འདུ་འཛོམས་ཀྱི་བྱ་འགུལ་སྤེལ་བའི་བརྡ་སྦྱོར།

2025-07-20 11:36:41   |   810

རྩོམ་སྒྲིག    སངས་དོན།    ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་ཆོས་ལུགས་སྐད་འཕྲིན་སྟེགས་བུ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རིག་གནས་ཡིད་རྟོན་ཇེ་དྲག་ཏུ་བཏང་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏང་ཆེད།  ཞིང་ཆེན་ཡོངས་ཀྱི་སྐབས་གཉིས་པའི་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་སྡེ་ཆེན་རྩེད་རའི་རྩེད་དཔོན་འདུ་འཛོམས་ཀྱི་བྱ་འགུལ་ཟླ་དེ7པའི་ཚེས29ནས30བར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་སྨོན་ལམ་མཐོན་པོའི་སྒར་ཁ་ནས་སྤེལ་རྒྱུ་རེད།

12.jpg

10.jpg

ཞིང་ཆེན་ཡོངས་ཀྱི་སྐབས་བརྒྱད་པའི་ལ་གཞས་འགྲན་ཚོགས་མཚོ་སྔོན་པོ“སྨོན་ལམ་མཐོན་པོ་རྟགས་མའི”འགྲན་སྡུར་གྱི་མགོ་རྩོམ་མཛད་སྒོའི་ཡུལ་དངོས་འདྲ་པར།

ཐེངས་འདིའི་བྱ་འགུལ་ཁྲོད། སྐབས་རིམ་བྱུང་གི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་གླུ་བ་གླུ་མ་ཡོངས་དང་། ཞིང་ཆེན་གཞན་གྱི་ལ་གཞས་ལེན་མཁན་གྱི་གླུ་བ་གླུ་མ་མིང་གྲགས་ཅན་གདན་ཞུ་བྱས་ནས་ལ་གཞས་རིག་གནས་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས་འཆར་ཡོད་པས་རྒྱ་ཆེའི་ལྟད་མོ་བ་རྣམས་དུས་ལྟར་ཕེབས་པར་དགའ་བསུ་ཞུ།


མཉམ་སྤྱོད།