དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོའི་ཀྲུང་གོ.མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་སྐྱེན་པོའི་མདའ་རྩལ་འགྲན་སྡུར་སྐབས་བཅུ་པ(ལྷ་ཆབ་ཁུག་རྟགས་མ)རྐང་ཚ་རྫོང་ལྷ་ཆབ་ཁུག་ཏུ་སྤེལ།

2025-07-20 09:32:06   |   434

རྩོམ་སྒྲིག   སངས་དོན།      ཡོང་ཁུངས།   མདོ་ལ་བོད་ཡིག་ཚགས་པར།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ7པའི་ཚེས19ཉིན། ཀྲུང་གོ.མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་སྐྱེན་པོའི་མདའ་རྩལ་འགྲན་སྡུར་སྐབས་བཅུ་པ(ལྷ་ཆབ་ཁུག་རྟགས་མ)རྐང་ཚ་རྫོང་ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་དུ་སྤེལ། ཞིང་ཆེན་ལུས་རྩལ་ཅུའི་ཅུ་ཀྲང་གཞོན་པ་ཀུའོ་ཧུའུ་ཁྲུན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཨའེ་ཧུང་། ཞིང་ཆེན་མདའ་འཕེན་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཁུལ་གྱི་མགོ་ཁྲིད་སངས་རྒྱས་དང་། ལིས་ཞུ་ཀྲིན། ཧྭ་ཝུན་ཞུག ཞའོ་རུའེ་ཞིན་བཅས་མགོ་རྩོམ་མཛད་སྒོར་ཞུགས།

01.jpg

ཐེངས་འདིའི་མདའ་འཕེན་འགྲན་སྡུར་ལ་ཞུགས་པའི་རྒྱལ་ཁབ་དག་ནི་བྷང་ག་ལ་དང་མ་ལེ་ཞི་ཡ། མོང་ཀོལ། ཕ་ཁི་སི་ཐན། ཨུ་རུ་སུ། སེ་ནེ་ཅ་ཨར། ཐའེ་གོ་སོགས་ཁྱོན་སྡོམ་རྒྱལ་ཁབ9ཡི་དཔུང་ཁག133གྱི་ལུས་རྩལ་པ1155འགྲན་སྡུར་ཁྲོད་ཞུགས་ཤིང་། ཁོ་ཚོ་ཉིན3གྱི་དུས་ཚོད་ནང་། ལྕགས་གཞུ་འཁོར་ལོ་མ། ལྕགས་གཞུ་གཞུ་ལེབ། རྭ་གཞུ། དེང་རབས་ཀྱི་སྲོལ་རྒྱུན་གཞུ་བཅས་གཞུ་རིགས4དང་རྣམ་གྲངས5ཡི་འགྲན་སྡུར་ཁྲོད་ཞུགས་རྒྱུ་རེད།

ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ལོ་གསུམ་རིང་བསྟུད་མར་རྐང་ཚ་རྫོང་དུ་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་སྤེལ་ནས་རིགས་སོ་སོའི་མང་ཚོགས་ལ་འགྲེམས་སྟོན་བརྗེ་རེས་ཀྱི་སྟེགས་བུ་མཁོ་འདོན་བྱས་ཏེ། མི་རིགས་ཀྱི་སྲོལ་རྒྱུན་རྩལ་འགྲན་ལུས་རྩལ་དང་མི་རིགས་སྙིང་སྟོབས་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་བཏང་། འགྲན་སྡུར་སྤེལ་བ་བརྒྱུད་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ཉིན་རེ་བཞིན་གཏིང་ཟབ་ཏུ་སོང་ནས་མཚོ་བྱང་གི་སྐྱེ་ཁམས་སྲུང་སྐྱོབ་དང་རིག་གནས་གནས་སྐོར། བརྗེ་རེས་མཉམ་ལས་སོགས་ཀྱི་བྱ་གཞག་དེ་འགྲན་སྡུར་དང་བསྡོངས་ནས་ཟབ་ཏུ་ཕྱིན་ཏེ་ཕན་ཚུན་བར་དགེ་མཚན་ཐོན་ཡོད། 

མཚོ་སྔོན་པོའི་ལྗོངས་ཁུལ་དོ་དམ་ཅུ་དང་། མཚོ་ལྷོ་ཁུལ་གུང་ཧོ་རྫོང་། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་། མཚོ་སྔོན་ཞིང་ཆེན་ལུག་རྒྱུད་གསོ་སྤེལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་བཅས་དང་། མཚོ་བྱང་ཁུལ་འཇུ་ལག་རྫོང་དང་མདོ་ལ་རྫོང་། མདའ་བཞི་རྫོང་། མཚོ་སྔོན་པོ་ཞིང་ར་སོགས་སྤུན་ཟླའི་ས་ཁུལ་གྱི་ཏང་སྲིད་འཐུས་མི་དང་། རྐང་ཚ་རྫོང་གི་ཚན་ཁག་ཆེན་མོ་བཞིའི་འགན་འཁུར་བློ་མཐུན་མགོ་རྩོམ་མཛད་སྒོར་ཞུགས།


མཉམ་སྤྱོད།