དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་སྡེ་ཆེན་རྩེད་རའི་རྩེད་དཔོན་འདུ་འཛོམས།

2025-07-24 10:53:54   |   358

རྩོམ་སྒྲིག  སངས་དོན།  ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཞིང་ཆེན་ཡོངས་ཀྱི་སྐབས་གཉིས་པའི་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་སྡེ་ཆེན་རྩེད་རའི་རྩེད་དཔོན་འདུ་འཛོམས་ཀྱི་བྱ་འགུལ་ཟླ་དེ7པའི་ཚེས29ནས30བར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་སྨོན་ལམ་མཐོན་པོའི་སྒར་ཁ་ནས་སྤེལ་རྒྱུ་རེད།

ཐེངས་འདིའི་རྩེད་དཔོན་འདུ་འཛོམས་ནང་དུ་མདོ་དབུས་ཁམས་གསུམ་གྱི་མིང་གྲགས་ཆེ་བའི་གླུ་བ་གླུ་མ20ལྷག་གདན་ཞུ་བྱས་ཡོད་ཅིང་ཞིང་། 2024ལོའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་རྟིང་རྩོད་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་མཁན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་གླུ་བ་ཕུར་བ་རྒྱལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གི་གླུ་མ་ལྷ་ཐར་མཚོ་གཉིས་ཀྱང་ཐེངས་འདིའི་སྡེ་ཆེན་རྩེད་རའི་འདུ་འཛོམས་ནང་ཞུགས་ཡོད།

04.JPG

གླུ་བ་ཕུར་བ་རྒྱལ་ལ་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་སྟེང་ཨང་དང་པོ་ཐོབ། ཁོ་ནི་རྨ་ལྷོ་ཁུལ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་རྣམ་གྲངས་ལས་ལ་གཞས་སྒྱུ་རྩལ་གྱི་འཐུས་ཚབ་རྒྱུན་འཛིན་པ་ཡིན། རྒྱལ་ཡོངས་དམངས་གླུ་འགྲན་སྡུར་སོགས་འགྲན་སྡུར་མང་པོ་ལས་བྱ་དགའི་རྟགས་མ་གང་མང་ཐོབ་མྱོང་།

DSC_5298.JPG

གླུ་མ་ལྷ་ཐར་མཚོ་ལ་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་སྟེང་ཨང་དང་པོ་ཐོབ། ཁོ་མོ་འགྲན་སྡུར་ཆེ་མ་ཆུང་གསུམ་གང་མང་ནང་ཞུགས་ཏེ་བྱ་དགའ་མང་པོ་བླངས་མྱོང་།

00.jpg

2024ལོའི་ཟླ7པའི་ཚེས3ཉིན་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་རྟིང་རྩོད་འགྲན་སྡུར་ཚོགས་པའི་རྣམ་པ།

1.jpg

མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཐེ་ཀྲང་ལི་ཞའོ་ཡན་གཉིས་ཀྱིས་བྱ་དགའ་ཨང་དང་པོ་ཐོབ་མཁན་གཉིས་ལ་བྱ་དགའ་གནང་བ།

2.jpg

རྒྱལ་ཁབ་ཡིག་སྒྱུར་ཅུའི་ཅུ་ཀྲང་གཞོན་པ་པའོ་ཝེར་ཅང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཟླ་བ་ཚེ་རིང་། མཚོ་བྱང་ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་མགོན་པོ་ཚེ་བརྟན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཏང་ཙུའུ་ཁོངས་མི། ཐེ་ཀྲང་གཞོན་པ་བློ་བཟང་བཅས་ཀྱིས་བྱ་དགའ་ཨང་གཉིས་པ་ཐོབ་མཁན་དག་ལ་བྱ་དགའ་གནང་བ།


མཉམ་སྤྱོད།