དེ་རིང་ནི2025ལོའི་ཟླ07པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་པོ་སྨོན་ལམ་མཐོན་པོ་ལྗོངས་ཁུལ་གྱི་ཉིན་གཅིག་གི་མགྲོན་པོ9000ལས་བརྒལ།

2025-07-28 09:16:17   |   119

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


དབྱར་གྱི་དུས་འདིར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་ལྗོངས་ཁུལ་དུ་གནས་སྐོར་བའི་ཁ་གྲངས་མཐོ་ཤོས་སུ་སླེབས། ཟླ7པའི་ཚེས25ཉིན་གྱི་ཆུ་ཚོད17ནས་ཚེས26ཉིན་གྱི་ཆུ་ཚོད21བར་ལྗོངས་ཁུལ་དུ་ཡོང་བའི་སྒེར་གྱི་རླངས་འཁོར3694ཟིན་པ་དང་ཉིན་གཅིག་གི་གནས་སྐོར་བའི་མི་གྲངས9235ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད། དེའི་ནང་ཞིང་ཆེན་ནང་ཁུལ་གྱི་གནས་སྐོར་བའི་མི་གྲངས7989ཟིན་པ་དེས་བརྒྱ་ཆའི86.5ཟིན་པ། ཞིང་ཆེན་ཕྱི་རོལ་གྱི་གནས་སྐོར་བའི་མི་གྲངས1246ཟིན་པ་དེས་བརྒྱ་ཆའི13.5ཟིན་པས། ལྗོངས་ཁུལ་གྱི་ཚ་རླབས་མུ་མཐུད་དུ་ཆེ་རུ་ཕྱིན།

མཚོ་སྔོན་པོའི་རྦ་རླབས་དགུང་དུ་འཕྱོ། སྤང་སྤེན་མའི་མེ་ཏོག་རྣམ་པར་བཀྲ། སྤྲིན་དཀར་པོའི་རྒྱ་མཚོ་སུམ་རྩེན་དཔེ། རིའི་ཡང་རྩེ་སྐར་མའི་ཁྱིམ་དུ་འཁྲུངས། འཆར་ཡན་དང་སྤྲོ་སྣང་གིས་ཕྱུག་པའི་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་མཛེས་སྡུག་གིས་གནས་སྐོར་བ་ལ་བརྗེད་མི་ཐུབ་པའི་དྲན་ཤིང་ཟབ་མོ་ཞིག་བཞག་ཡོད།  རི་ཆུའི་བར་གསེང་དུ་འཐེན་པའི་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི“དམག་དཔོན་གདོང”གཞུང་ལམ་ནི་ད་ལོའི་དབྱར་ཁར་མཚོ་སྔོན་ཞིང་ཆེན་ནས་བཀྲག་མདངས་འཚེར་ཞིང་རྩེར་སོན་གྱི་གནས་སྐོར་ལྗོངས་རྒྱུའི་ལམ་ཐིག་ཅིག་ཏུ་གྱུར་ཡོད་པ་དང་། སྒེར་འཁོར་དང་ལྕགས་རྟ་ལ་དགའ་མཁན་རྣམས་ཀྱིས་དགའ་བསུ་ཐོབ་བཞིན་ཡོད། རི་འདབས་ཀྱི་སྒར་འདེབས་རྟེན་གཞི་རུ་མི་ཚོགས་ཀྱི་འཚང་ཀ་ཤིག་ཤིག་བྱེད་བཞིན་སྐར་གཟིགས་སྒྲོམ་ཚང་ཐེམ་དཀའ་བར་འདུག རྒྱ་ཆེ་བའི་གནས་སྐོར་བ་རྣམས་ཀྱིས་ཀྱང་མཚོ་སྔོན་པོའི་འགྲམ་དུ་སྒར་ཁ་བཏབ་ནས་ཞག་སྡོད་བྱེད་ཐུབ་ན་དེ་ནི་ཆེས་མཆོག་གྱུར་གྱི་ལོངས་སྤྱོད་ཅིག་ཏུ་ངོས་འཛིན་བཞིན་འདུག

གོམ་སྟབས་རྗེས་མར། མཚོ་བྱང་ཁུལ་གྱིས་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་ལྗོངས་ཁུལ་གྱི་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་དང་གསར་བརྗེའི་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ་གནས་སྐོར་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་གནས་སྐོར་བའི་ཉམས་ལེན་ཆེ་རུ་གཏོང་བ། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གྱི་གསོན་ཤུགས་གསར་པ་ཐོན་རྒྱུར་རོགས་རམ་བྱེད་སྲིད།


མཉམ་སྤྱོད།