དེ་རིང་ནི2025ལོའི་ཟླ08པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་ཉེན་བརྡ་བཏང་འདུག

2025-08-03 10:32:11   |   342

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།   མདའ་བཞི་རྫོང་གནམ་གཤིས་ལས་ཁུངས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


མདའ་བཞི་རྫོང་གནམ་གཤིས་ལས་ཁུངས་ཀྱིས་ཟླ8པའི་ཚེས3ཉིན་གྱི་སྔ་དྲོའི་དུས་ཚོད10:05སྟེང་དྲག་ཆར་གྱི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་ཟླ8པའི་ཚེས3ཉིན་གྱི་དུས་ཚོད10:05ནས་ཕྱི་དྲོའི་དུས་ཚོད16:05བར། མཁར་ཟུར་གསུམ་གྲོང་རྡལ་དང་། ནུབ་མཚོ་གྲོང་རྡལ། གསེར་ཐང་ཡུལ་ཚོ། དཔལ་སྦྱིན་ཡུལ་ཚོ།  མཚོ་སྔོན་པོ་ཡུལ་ཚོ། ཝ་འཇོག་ཡུལ་ཚོ་བཅས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། ཆུ་ལོག་དང་རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ཀྱི་གནོད་འཚེ་ཐོན་པའི་གནམ་གཤིས་ཉེན་ཁ་ཆེ་བས་འབྲེལ་ཡོད་ལས་ཁུངས་དང་མི་སྣས་དོགས་ཟོན་གྱི་གྲ་སྒྲིག་ཡག་པོ་བྱེད་དགོས། 

འགོག་སྲུང་ཕྱོགས་སྟོན། 

1 .སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་གྱིས་འགན་འཁྲི་ལྟར་དྲག་ཆར་གདོན་འཚེ་འགོག་པའི་ལས་དོན་ཡག་པོ་བསྒྲུབ་དགོས།

 2.སྤྱི་བདེ་འགྲིམ་འགྲུལ་དོ་དམ་ལས་ཁུངས་ཀྱིས་གཞུང་ལམ་གྱི་གནས་ཚུལ་ལ་གཞིགས་ནས་དྲག་ཆར་འབབ་པའི་ལམ་དུ་འགྲིམ་འགྲུལ་བཀག་སྡོམ་གྱི་བྱ་ཐབས་སྤྱོད་པ།

3.སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གིས་འགོག་སྲུང་བྱེད་ཐབས་སྤྱད་དེ་སློབ་མ་དང་བྱིས་པའི་བདེ་འཇགས་འགན་ལེན་བྱེད་དགོས།

4. ས་བབ་དམའ་བའི་ས་ཁུལ་གྱི་དངོས་རྫས་སྤོ་སྒྱུར་བྱེད་པ་དང་། དེའི་གློག་ཁུངས་གཅོད་དགོས། 


མཉམ་སྤྱོད།