དེ་རིང་ནི2025ལོའི་ཟླ08པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་ལི་མདོག་ཉེན་བརྡ་བཏང་བ།

2025-08-02 20:26:30   |   229

རྩོམ་སྒྲིག ཁོན་ཐར་ཚེ་རིང་།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་བྱང་ཁུལ་ཆུ་བེད་ཅུ་དང་མཚོ་བྱང་ཁུལ་གནམ་གཤིས་བརྟག་དཔྱད་ཅུ་ཡིས་མཉམ་འབྲེལ་སྒོས་ཆུ་ལོག་གནོད་འཚེའི་གནམ་གཤིས་ཀྱི་ལི་མདོག་ཉེན་བརྡ་བཏང་པ་སྟེ། དྲག་ཆར་བབས་པའི་ཤུགས་རྐྱེན་གྱིས་སྔོན་དཔག་བྱས་ན། ཟླ8པའི་ཚེས2ཉིན་གྱི་ཆུ་ཚོད19དང་སྐར་མ30ནས་ཟླ8པའི་ཚེས4ཉིན་གྱི་ཆུ་ཚོད19དང་སྐར་མ30བར།  འཇུ་ལག་རྫོང་དང་མདོ་ལ་རྫོང་། མདའ་བཞི་རྫོང་། རྐང་ཚ་རྫོང་བཅས་ལ་ཆུ་ལོག་གི་གནོད་འཚེ་འབྱུང་སྲིད་པའི་ཉེན་ཁ་ཆེ་བས།(ལི་མདོག་ཉེན་བརྡ།) ས་ཁུལ་སོ་སོས་དུས་ཐོག་ལྟ་ཞིབ་ཚད་ལེན་བྱེད་རྒྱུར་དོ་སྣང་བྱས་ཏེ་འབྲུབ་འགོག་ཉེན་བརྡ་དང་གནས་སྤོར་ཉེན་གཡོལ་སོགས་ཀྱི་བྱ་བ་ལེགས་པར་བསྒྲུབ་དགོས།

འགོག་སྲུང་ཕྱོགས་སྟོན།

1.རྫོང་རིམ་པའི་ཆུ་ལོག་འགོག་པའི་འགན་ལེན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་དགོས་ལ། ཆུ་བེད་ཀྱིས་གནམ་གཤིས་དང་མཁོ་བསྟུན། གཞི་རིམ་སྲིད་གཞུང་བཅས་དང་མཉམ་དུ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། མཉམ་གྲོས་དཔྱད་གཅོད། མཁོ་བསྟུན་ཐག་གཅོད་བཅས་བྱ་དགོས།

2.ཆུ་ཚོད24རིང་གི་ལས་རེས་དོན་འཁྱོལ་ནན་མོ་བྱེད་དགོས། ཆར་ཆུ་འབབ་པའི་གནས་ཚུལ་ལ་དོ་ཁུར་ནན་མོ་བྱས་ནས་ཆུ་ལོག་གི་ཉེན་ཁའི་ཁུལ་ལ་སྐོར་ཞིབ་དང་དོ་དམ་ཚོད་འཛིན་བྱེད་པའི་བྱ་བར་ཤུགས་སྣོན་དགོས།

3.ཉེན་བརྡའི་ཆ་འཕྲིན་ལ་དུས་ཐོག་ཏུ་དོ་ཁུར་བྱེད་པ་དང་། གཞི་རིམ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས“འབོད་དགོས་པ་འབོད་པ”དང“འབོད་པར་ཨ་ལན་ཡོད་པའི”ལམ་སྲོལ་དོན་འཁྱོལ་བྱས་ནས་ཉེན་ཁ་ཡོད་པའི་ས་ཁུལ་གྱི་མང་ཚོགས་གནས་སྤོར་ཉེན་གཡོལ་བྱ་བ་དུས་ཐོག་ཏུ་ལེགས་པར་བསྒྲུབ་དགོས།

4.ཆུ་མཛོད(ཆུ་གློག་ས་ཚིགས)དང་། འདམ་སའི་ཆུ་རགས། ཆུ་བོ་ཆུང་འབྲིང་དང་དེ་བཞིན་རི་ཁུལ་གྱི་ཆུ་ལམ་སོགས་ཀྱི་ལས་རེས་སྐོར་ཞིབ་ལ་ཤུགས་བསྣན་ནས་འབབ་རྒྱུད་ཀྱི་ཆུ་ལོག་འགོག་པའི་ལས་གྲྭའི་མ་ལག་གཙོ་གནད་སྲུང་སྐྱོང་བྱ་ཡུལ་བལྟོས་མེད་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།


མཉམ་སྤྱོད།