དེ་རིང་ནི2025ལོའི་ཟླ08པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཝང་ལུའོ་པིན་རོལ་དབྱངས་གནས་སྐོར་དུས་ཆེན་གྱི་བྱེད་སྒོའི་སྔོན་བརྡ།

2025-08-01 20:18:31   |   185

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


གཅིག མགོ་རྩོམ་མཛད་སྒོ།

བྱེད་སྒོའི་དུས་ཚོད།

ཟླ8པའི་ཚེས4ཉིན་གྱི་སྔ་དྲོའི་ཆུ་ཚོད10:00སྟེང་།

བྱེད་སྒོའི་ས་གནས།

མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་ཁ།

བྱེད་སྒོའི་ནང་དོན།

1.ཐོག་མའི་འཁྲབ་སྟོན། སྔ་དྲོའི་ཆུ་ཚོད9:50སྟེང་།

2.སྲིད་དོན་བྱེད་སྒོ། སྔ་དྲོའི་ཆུ་ཚོད10:00སྟེང་།

3.རིག་རྩལ་འཁྲབ་སྟོན། སྔ་དྲོའི་ཆུ་ཚོད10:30སྟེང་།

01.JPG.jpg

02.JPG.jpg

03.JPG.jpg

04.JPG.jpg

གཉིས། གསར་བརྗེའི་ཉམས་ཞིབ།

བྱེད་སྒོའི་དུས་ཚོད།

ཟླ8པའི་ཚེས4ཉིན་གྱི་ཆུ་ཚོད14:30སྟེང་།

བྱེད་སྒོའི་ནང་དོན།

མགོ་ཁྲིད་དང་སྐུ་མགྲོན་སྨོན་ལམ་མཐོན་པོ་དང་དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་སྒར་གཞི་བཅུ་གཉིས་པའི་གནའ་ཤུལ། ཝང་ལུའོ་པིན་རོལ་དབྱངས་སྒྱུ་རྩལ་ཁང་སོགས་སུ་གདན་འདྲེན་ཞུས་ནས་གསར་བརྗེའི་རིག་གནས་རོལ་མྱོང་དང་སྐྱེ་ཁམས་ཀྱི་མཛེས་པ་ཉམས་ལེན་བྱེད་པ།

05.JPG.jpg

06.JPG.jpg

07.JPG.jpg

08.jpg

09.JPG.jpg

གསུམ། མདོག་ལྔའི་གཡང་སར་འཛོམས་ནས་གླུ་གར་སྐོར་སྐྱོད་འཁྲབ་སྟོན་བྱེད་པ།

བྱེད་སྒོའི་དུས་ཚོད།

ཟླ8པའི་ཚེས4ཉིན་གྱི་ཆུ་ཚོད17:00སྟེང་།

བྱེད་སྒོའི་ས་གནས།

ནུབ་མཚོ་ཁྲོམ་ཆེན།(ནུབ་མཚོ་གློག་བརྙན་ཟློས་གར་ཁང་གི་སྒོ་ཁ)-ནུབ་མཚོ་ཁྲོམ་ཆེན།(ཁུལ་ཨུའི་སྒོ་ཁ) ——དམག་དཔོན་ལམ——རྡུལ་ཕྲན་ལམ།(ཅིན་ཧའོ་མགྲོན་ཁང་གི་བཞི་མདོ) ——རྡུལ་ཕྲན་ནུབ་ལམ——ཝང་ལུའོ་པིན་རོལ་དབྱངས་སྒྱུ་རྩལ་ཁང་།——ནུབ་མཚོ་ལུས་རྩལ་ར་བ།

བྱེད་སྒོའི་ནང་དོན།

ལྕགས་རྟའི་རུ་ཁག་དང་། སྤྱི་བདེའི་སྐྱ་དམག་རུ་ཁག རྫོང་བཞིའི་སྐོར་བྲོའི་འཁྲབ་སྟོན་རུ་ཁག རྒྱན་གོས་འཁྲབ་སྟོན་རུ་ཁག གླུ་གར་འཁྲབ་སྟོན་རུ་ཁག་སོགས་འཁྲབ་སྟོན་རུ་ཁག་གིས་སྐོར་སྐྱོད་འཁྲབ་སྟོན་བྱེད་པ།

བཞི། མཚོ་བྱང་ཁུལ་གྱི“མི་རིགས་མཐུན་སྒྲིལ་རྟགས་མའི”སྐོར་བྲོ་འཁྲབ་སྟོན།

བྱེད་སྒོའི་དུས་ཚོད།

ཟླ8པའི་ཚེས4ཉིན་གྱི་ཆུ་ཚོད18:30སྟེང་།

བྱེད་སྒོའི་ས་གནས།

ནུབ་མཚོ་ལུས་རྩལ་ར་བ།

བྱེད་སྒོའི་ནང་དོན།

རྫོང་སོ་སོ་དང་ཁུལ་སྲིད་ཁྲིམས་སྡེ་ཁག ཁུལ་སློབ་གསོ་འཕྲོད་བསྟེན་སྡེ་ཁག མཚོ་ལྷོ་ཁུལ། མགོ་ལོག་ཁུལ་བཅས་ཀྱི་འཐུས་མིའི་རུ་ཁག8ཞུགས་པ། འཁྲབ་སྟོན་མཇུག་སྒྲིལ་རྗེས་མི་སྟོང་སྐོར་བྲོའི་ཐུན་མོང་འཁྲབ་སྟོན་བྱེད་པ།

ལྔ། གཟུགས་འདས་རིག་གནས་ཤུལ་བཞག་འགྲེམས་འཁྲབ།

བྱེད་སྒོའི་དུས་ཚོད།

ཟླ8པའི་ཚེས5ཉིན་ཆུ་ཚོད15:00སྟེང་།

བྱེད་སྒོའི་ས་གནས།

ནུབ་མཚོ་གྲོང་རྡལ་ནུབ་མཚོ་གློག་བརྙན་ཟློས་གར་ཁང་།

བྱེད་སྒོའི་ནང་དོན།

གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་དང་སྲོལ་རྒྱུན་རོལ་དབྱངས། ཞབས་བྲོ། དམངས་སྲོལ་སོགས་འགྲེམས་འཁྲབ་བྱེད་པ།

དྲུག ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དྲིལ་སྒྲོག་འོས་སྦྱོར་བྱེད་པ།

བྱེད་སྒོའི་དུས་ཚོད།

ཟླ8པའི་ཚེས4ཉིན་ནས་ཚེས6ཉིན་བར།

བྱེད་སྒོའི་ས་གནས།

མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞི་དང་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་ཁ། མདའ་བཞི་ཚོ་བ།

བྱེད་སྒོའི་ནང་དོན།

མཚོ་བྱང་གི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་དང་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ངོ་སྤྲོད་བྱེད་པ།




མཉམ་སྤྱོད།