དེ་རིང་ནི2025ལོའི་ཟླ08པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་ཀྱི་སྔོན་བརྡ་སེར་པོ་བསྒྲགས་པ།

2025-08-01 16:28:25   |   445

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  མཚོ་བྱང་ཁུལ་གནམ་གཤིས་ལས་ཁུངས།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


མཚོ་བྱང་ཁུལ་གནམ་གཤིས་ལས་ཁུངས་ཀྱིས་ཟླ8པའི་ཚེས1ཉིན་གྱི་དུས་ཚོད16:00སྟེང་། གཏད་རྒྱུག་དྲག་པོའི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ།  སྔོན་དཔག་བྱས་ན་ཟླ8པའི་ཚེས1ཉིན་གྱི་དུས་ཚོད16:00ནས་ཟླ8པའི་ཚེས2ཉིན་གྱི་ཕྱི་དྲོའི་དུས་ཚོད16:00བར། མདོ་ལ་རྫོང་དང་མདའ་བཞི་རྫོང་། འཇུ་ལག་རྫོང་། རྐང་ཚ་རྫོང་བཅས་ལ་དུས་ཚོད1གི་ནང་སྨི་སྟོང་ཤས20ཡན་གྱི་དུས་ཐུང་ཆར་པ་འབབ་པ་དང་། རིམ་པ8ཡན་གྱི་ཆར་རླུང་དྲག་པོའམ་ཡང་ན་ཚངས་ཐིག་སྨི་སྟོང་ཤས5ཡན་གྱི་སེར་བ་འབབ་རྒྱུ་ཡིན་ལ། རླུང་ཆེན་དང་སེར་བ། ཐོག་རྒྱག་པ།  རི་ཉིལ་བ། འདམ་རུད་བྱུང་བ། ཆུ་ལོག་བྱུང་བ། མཁར་གྲོང་དུ་ཞོད་སྐྱོན་ཐོན་པ་སོགས་ཀྱི་གནོད་འཚེ་འབྱུང་བའི་ཉེན་ཁ་ཆེ་བས་མཉམ་འཇོག་བྱེད་རོགས། 

微信图片_2025-08-01_160512_759.png


མཉམ་སྤྱོད།