དེ་རིང་ནི2025ལོའི་ཟླ07པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལྗོངས་ཞིང་ལྔའི་ལ་གཞས་རིག་གནས་བགྲོ་གླེང་སྨོན་ལམ་མཐོན་པོ་སྒར་ཁ་རུ་འཚོགས།

2025-07-30 10:09:54   |   861

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ7པའི་ཚེས29ཉིན་གྱི་དགོང་མོར། ལྗོངས་ཞིང་ལྔའི་ལ་གཞས་རིག་གནས་བགྲོ་གླེང་ཚོགས་འདུ་མཚོ་བྱང་ཁུལ་སྨོན་ལམ་མཐོན་པོ་སྒར་ཁ་རུ་འཚོགས།

བགྲོ་གླེང་ཡུལ་དངོས།

མཚོ་བྱང་ཁུལ་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་སངས་རྒྱས་ཀྱིས་ཤིས་ཚིག་ཕུལ་ཞིང་། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱི་འགན་འཁུར་བློ་མཐུན་གྱིས་གཙོ་སྐྱོང་གནང་། མཚོ་བྱང་ཁུལ་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་བན་བཀྲ་ཤིས་དོན་འགྲུབ་དང་། མཚོ་བྱང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཕུན་ཚོགས་བཀྲ་ཤིས། དེ་བཞིན་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་། མཚོ་བྱང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་སོགས་བགྲོ་གླེང་ཚོགས་འདུར་ཞུགས།

3.jpg

2.jpg

མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གླུ་བ་དང་གླུ་མར་འཚམས་འདྲི་གནང་བ།

བགྲོ་གླེང་ཚོགས་འདུའི་སྟེང་། ལྗོངས་ཞིང་ལྔའི་ལ་གཞས་རིག་གནས་ཀྱི་ཆེད་མཁས་པ་དང་། ལ་གཞས་སྒྱུ་རྩལ་པ་དག་གིས་དུས་རབས་གསར་པར་ལ་གཞས་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཁྲོད་དུ་གནས་པའི་གནད་དོན་དང་དཀའ་ཁག་ཐད་ནས་རང་རང་གི་བསམ་ཚུལ་བརྗེ་རེས་བྱས་ཤིང་། མ་འོངས་པར་ལ་གཞས་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་གཏོང་བར་ཐུན་མིན་གྱི་གྲོས་གཞི་བཏོན།

4.jpg

ཆེད་མཁས་པས་བགྲོ་གླེང་གནང་བཞིན་པ།

5.jpg

ལ་གཞས་སྒྱུ་རྩལ་པས་བགྲོ་གླེང་གནང་བཞིན་པ།

 ཚོགས་ཞུགས་ཀྱི་གླུ་བ་གླུ་མ་ཡོངས་ཀྱིས་མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྐབས་གཉིས་པའི“མཚོ་སྔོན་པོ•སྨོན་ལམ་མཐོན་པོ”རྟགས་མའི་སྡེ་ཆེན་རྩེད་རའི་རྩེད་དཔོན་འདུ་འཛོམས་ཞེས་པའི་ལ་གཞས་རིག་གནས་དར་སྤེལ་གཏོང་བའི་སྟེགས་བུ་འདི་ལྟ་བུ་ཞིག་བསྐྲུན་པར་བསྟོད་པའི་མཐེ་བོང་བསྒྲེངས་པ་མ་ཟད། མུ་མཐུད་དུ་འདི་དང་འདི་ལྟ་བུའི་སྟེགས་བུ་བསྐྲུན་ཐོག ལ་གཞས་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཕྱོགས་ཡོངས་ཀྱིས་ཤུགས་བརྒྱབ་ནས། མི་རིགས་ཁག་གི་འབྲེལ་འདྲིས་འདྲེས་གསུམ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བསྐྱེད་པར་སྐུལ་འདེད་གཏོང་དགོས་པ་བསྟན།

7.jpg

བགྲོ་གླེང་དུ་ཞུགས་པའི་གླུ་བ་གླུ་མ།


མཉམ་སྤྱོད།