དེ་རིང་ནི2025ལོའི་ཟླ07པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་སྡེ་ཆེན་རྩེད་རའི་རྩེད་དཔོན་འདུ་འཛོམས་ཀྱི་ཉིན་དང་པོའི་ཉམས་སྣང་།

2025-07-29 16:46:24   |   3363

རྩོམ་སྒྲིག  སངས་རྒྱས་སྐྱིད།     ཡོང་ཁུངས།   མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ་བདུན་པའི་སྨོན་ལམ་མཐོན་པོ་ནི་རྔམ་ཞིང་བརྗིད་ཆགས་ལ། མཚོ་ཆེན་ཁྲི་ཤོར་རྒྱལ་མོ་ནི་གོས་ཆེན་ཐང་ལ་བཏིང་བ་དང་མཚུངས། པིར་གྱིས་བཞེངས་པ་དང་འདྲ་བའི་གར་སྟེགས་སྟེང་དུ་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རྟགས་མའི་སྡེ་ཆེན་རྩེད་རའི་རྩེད་དཔོན་འདུ་འཛོམས་དེ། རི་མཐོན་པོ་ཡོད་ན་དམའ་མོ་བྱོས། ། ང་བྱ་རྒྱལ་ཁྱུང་ཆེན་འཕུར་རྒྱུ་ཡིན། ། ནང་མིང་སྲིང་ཡོད་ན་ཁ་ཁ་བྱོས། ། ངས་སྲིད་པའི་སྒྲུང་ཆེན་ལེན་རྒྱུ་ཡིན་ཞེས་པའི་དབྱངས་དང་བསྟུན་ནས་མགོ་བརྩམས་སོང་། 

བོད་ལྗོངས་དང་སི་ཁྲོན། ཀན་སུའུ་སོགས་མདོ་དབུས་ཁམས་གསུམ་ནས་སླེབས་པའི་གླུ་བ་གླུ་མ་གྲགས་ཅན་རྣམས་ཀྱིས་བདེ་མོ་ངག་ལ་སྙན་མོ་ཚིག་དྲངས་ཏེ་ལ་གཞས་ཀྱི་ཉམས་འགྱུར་ངོམ་པའི་ཚུལ་ནི་འདི་ལྟར་རོ།

DSC_3502 - 副本.jpg


མཉམ་སྤྱོད།