དེ་རིང་ནི2025ལོའི་ཟླ08པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་པོ་སྨོན་ལམ་མཐོན་པོ་ལྗོངས་ཁུལ་གྱི་ཉིན་གཅིག་གི་མགྲོན་པོ་ཁྲི1.1ལས་བརྒལ།

2025-08-03 20:10:17   |   330

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགོད་པས་མཚོ་བྱང་ཁུལ་རིག་གནས་ལུས་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ8པའི་ཚེས2ཉིན། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་ལྗོངས་ཁུལ་གྱི་ཉིན་གཅིག་གི་གནས་སྐོར་བ་མི་ཐེངས11756་ཟིན་ནས་ཡང་བསྐྱར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཅིང་། ཟླ7པའི་ཚེས25ཉིན་གྱི་མི་ཐེངས9235ལས་27%འཕར་ཡོད་པ་རེད།

མཚོ་འཕགས་སྨི4024ཡོད་པའི“ཡུལ་ལྗོངས”དེ་ཟླ7པའི་ཚེས1ཉིན་ཡུལ་ཕྱོགས་ཀུན་ལ་ཁྱབ་པ་ནས་བཟུང་གནས་སྐོར་བ་མི་ཐེངས་ཁྲི11.4གནས་སྐོར་ལྗོངས་རྒྱུ་ལ་ཡོང་ཡོད་ཅིང་། རླངས་འཁོར་ཁྲི3.8སྤྱི་ལེ13.7ལྷག་ཟིན་པའི“དམག་དཔོན་གདུང”གཞུང་ལམ་བརྒྱུད་དེ་བགྲོད་བཞིན་ཡོད་ལ། མཚོ་སྔོན་པོའི་ལྗོངས་ཁུལ་ཧྲིལ་པོ་དང་རྡུལ་ཕྲན་མཁར་གྱི་གསར་བརྗེའི་དྲན་ཤེས་སྦྲེལ་མཐུད་བྱེད་པའི་གནས་སྐོར་ལྗོངས་རྒྱུའི་ལམ་ཐིག་དེ་ད་ལོའི་དབྱར་ཁར་མཚོ་སྔོན་ཞིང་ཆེན་ནས་བཀྲག་མདངས་འཚེར་ཞིང་རྩེར་སོན་གྱི་གཞུང་ལམ་ཞིག་ཏུ་ཆགས་ཡོད།

མཚོ་སྔོན་པོ་སྨོན་ལམ་མཐོན་པོ་ལྗོངས་ཁུལ་དེ་དྲ་ཕྱི་ཙམ་མ་ཡིན་པར་དྲ་ལམ་ནས་ཀྱང་སྐད་གྲགས་ཆེ་རུ་ཕྱིན་ཡོད་དེ། སྨྱན་སྦྱོར་སྟེགས་བུ་སོ་སོ་རུ་ལྟ་གྲངས་དུང་ཕྱུར2ལས་བརྒལ་བ་དང་། དྲ་གྲོགས30ལྷག་གིས་གསར་རྩོམ་བྱས་པའི་ནང་དོན་གྱིས“ལྷོ་ཕྱོགས་ནས་རླབས་ཕྲེང་དགུང་དུ་འཕྱུར་བའི་མཚོ་སྔོན་པོ་དང་བྱང་ཕྱོགས་ནས་རྔམ་ཞིང་བརྗིད་པའི་རྡུལ་ཕྲན་མཁར་གྱི་མཛེས་ཉམས་ལ་ལྟ་བའི”ཐུན་མོང་མ་ཡིན་པའི་མཐོང་སྣང་དེ་ཞིང་ཆེན་ཕྱི་ནང་དུ་ཁྱབ་ཏུ་བཅུག་ཡོད།

微信图片_20250803201539.jpg


མཉམ་སྤྱོད།