དེ་རིང་ནི2025ལོའི་ཟླ08པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལྷ་ས་གྲོང་ཁྱེར་ཡིག་ཚགས་ཁང་གི་བོད་ཡིག་དཔེ་རྙིང་དང་ཡིག་ཚགས་འགྲེམས་སྟོན་ཞེས་པ་བོད་ལྗོངས་རིག་གནས་བཤམས་སྟོན་ཁང་དུ་གཉེར།

2025-08-04 09:02:51   |   257

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


       སྤྱི་ཟླ7པའི་ཚེས30ཉིན། ལྷ་སའི་གཅེས་ཉར་ཏེ། ལྷ་ས་གྲོང་ཁྱེར་ཡིག་ཚགས་ཁང་གི་བོད་ཡིག་དཔེ་རྙིང་དང་ཡིག་ཚགས་འགྲེམས་སྟོན་ཞེས་པ་བོད་ལྗོངས་རིག་གནས་བཤམས་སྟོན་ཁང་དུ་གཉེར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཁྲེན་ཙུང་རུང་འགྲེམས་སྟོན་ལ་ཞུགས་པ་མ་ཟད་འགྲེམས་སྟོན་དངོས་སུ་མགོ་ཚུགས་པ་ཁྱབ་བསྒྲགས་གནང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་བཀྲ་ལོ་དང་། ལྷ་ས་གྲོང་ཁྱེར་ཡིག་ཚགས་ཁང་གི་མགོ་འཛིན་སང་རུང་རུའེ་རྣམ་གཉིས་ནས་ཤིས་ཚིག་བསྒྲོན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། རྒྱལ་ཁབ་ཡིག་ཚགས་ཅུ། ཀྲུང་གོ་ལོ་རྒྱུས་ཡིག་ཚགས་ཁང་དང་པོ། ཀྲུང་གོ་རྒྱལ་ཁབ་པར་གཞི་ཁང་། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུ། ལྷ་ས་གྲོང་ཁྱེར་ཡིག་ཚགས་ཁང་སོགས་འབྲེལ་ཡོད་ཚན་པའི་འཐུས་མི་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། གདན་ཞུས་སྐུ་མགྲོན། དང་བླངས་པ། དེ་བཞིན་སྨྱན་སྦྱོར་མི་སྣ་སོགས་མགོ་ཚུགས་མཛད་སྒོར་ཞུགས་ཡོད།

1.jpg

མགོ་ཚུགས་མཛད་སྒོ་འཚོག་བཞིན་པ།

བཀྲ་ལོས། བོད་ཡིག་དཔེ་རྙིང་དང་ཡིག་ཚང་ནི་ཀྲུང་ཧྭའི་གནའ་བོའི་གསུང་རབ་ཡིག་ཚང་གི་གྲུབ་ཆ་གལ་ཆེན་ཞིག་རེད། བོད་ཡིག་དཔེ་རྙིང་དང་ཡིག་ཚང་སྲུང་སྐྱོབ་དང་བེད་སྤྱོད་ཡག་པོ་བྱེད་པ་དེས་བོད་ལྗོངས་ཀྱི་རིག་གནས་རྒྱུན་འཛིན་དང་གོང་འཕེལ་གཏོང་བར་ཕན་ཐོགས་ཡོད་ལ། ཀྲུང་ཧྭའི་རིག་གནས་ཀྱི་ཁྲག་རྒྱུན་རྒྱུན་འཛིན་དང་། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དང་ཡང་འབྲེལ་བ་ཡོད། ད་ཐེངས་ཀྱི་འགྲེམས་སྟོན་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ཀྱིས་གནའ་སྔ་མོ་ནས་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་དངོས་དོན་སྔོག་འདོན་དང་ལེགས་སྒྲིག དྲིལ་བསྒྲགས་བཅས་བྱེད་དགོས་པའི་མཛུབ་ཁྲིད་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་རེད་ལ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བར་རྟེན་འབྲེལ་ཞུ་བའི་རིག་གནས་བྱེད་སྒོ་གལ་ཆེན་ཞིག་ཀྱང་རེད། ད་ཐེངས་འགྲེམས་སྟོན་བྱས་པའི་དཔེ་རྙིང་དང་ཡིག་ཚང་ནང་ཐང་བོད་དུས་སྐབས་སུ་རྒྱ་བོད་མི་རིགས་གཉིས་ཆོས་ལུགས་དང་། རིག་གནས། སྤྱི་ཚོགས་སོགས་ཀྱི་ཐད་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་ཡོད་པ་དང་། ཡོན་རྒྱལ་རབས་དང་མིང་རྒྱལ་རབས། ཆིང་རྒྱལ་རབས་བཅས་ཀྱི་དུས་སྐབས་སུ་ཀྲུང་དབྱང་སྲིད་གཞུང་ནས་བོད་ལྗོངས་བཅོས་སྐྱོང་བྱས་པའི་ལོ་རྒྱུས་ཀྱི་དངོས་དོན་གལ་ཆེན་ཟིན་ཐོར་བཀོད་ཡོད་པས། དེ་ནི་ཀྲུང་དབྱང་སྲིད་གཞུང་དང་བོད་ལྗོངས་ས་གནས་དབར་གྱི་འབྲེལ་བའི་ལོ་རྒྱུས་ཞིབ་འཇུག་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བྱེད་པའི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཞིབ་འཇུག་བཅས་ཀྱི་དཔྱད་གཞི་གལ་ཆེན་ཞིག་རེད་ཅེས་གསུངས་ཡོད།

5.jpg

2.jpg

འགྲེམས་སྟོན་བྱས་པའི་བོད་ཡིག་དཔེ་རྙིང་དང་ཡིག་ཚང་།

 ད་ཐེངས་ཀྱི་འགྲེམས་སྟོན་དེ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དཔེ་མཛོད་ཁང་དང་། བོད་ལྗོངས་རིག་གནས་བཤམས་སྟོན་ཁང་། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཡིག་ཚགས་ཁང་བཅས་ཀྱིས་མཉམ་དུ་གཉེར་བ་ཞིག་རེད། མགོ་ཚུགས་མཛད་སྒོའི་ཐོག ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དཔེ་མཛོད་ཁང་དང་ལྷ་ས་གྲོང་ཁྱེར་ཡིག་ཚགས་ཁང་གཉིས་ཀྱིས་བོད་ཡིག་དཔེ་རྙིང་དང་ཡིག་ཚགས། ཡིག་ཚང་བཅས་ཀྱི་གྲངས་གཞི་མཉམ་སྤྱོད་དང་གསར་སྤེལ་བེད་སྤྱོད་བྱེད་པའི་མཉམ་ལས་གྲོས་མཐུན་བཞག་ཡོད།

3.jpg

འགྲེམས་སྟོན་ལ་གཟིགས་བཞིན་པ།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་སྔར་ནས་བོད་ཡིག་དཔེ་རྙིང་དང་ཡིག་ཚང་སྲུང་སྐྱོབ་དང་ལེགས་སྒྲིག ཞིབ་འཇུག དཔེ་བསྐྲུན་བཅས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་རིགས་གཞུང་བགྲོ་གླེང་དང་། གཞོན་ནུའི་བསླབ་གཞི་བཀོད་སྒྲིག་བྱེད་པ་སོགས་བྱས་ནས་རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་རྙིང་སྲུང་སྐྱོབ་དང་ཞིབ་འཇུག་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་ཡོད།


མཉམ་སྤྱོད།