དེ་རིང་ནི2025ལོའི་ཟླ08པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འདས་ཟིན་པའི་ཉིན་བདུན་ནང་ཀོང་ཏུང་དུ་ཅི་ཁུང་ཁེན་ཡ་རའི་ས་གནས་དེ་གའི་ནད་དཔེ2892ཀྱིས་མང་དུ་ཕྱིན་པ།

2025-08-04 09:57:19   |   46

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ7པའི་ཚེས27ཉིན་གྱི་ཆུ་ཚོད24པ་ནས་ཟླ8པའི་ཚེས2ཉིན་གྱི་ཆུ་ཚོད24པའི་བར། ཀོང་ཏུང་ཞིང་ཆེན་ཡོངས་སུ་ཅི་ཁུང་ཁེན་ཡ་རའི་ནད་དཔེ2892གསར་སྣོན་བྱས་པ་དང་། ནད་གཞི་ཚབས་ཆེན་དང་ཤི་བའི་སྙན་ཞུ་མེད། ཧྥོ་ཧྲན་དུ་ནད་དཔེ2770ཡོད་པ་དང་། ཀོང་ཀྲོའུ་རུ་ནད་དཔེ65དང་། ཏུང་ཀོན་དང་ཀྲུང་ཧྲན་དུ་སོ་སོར11རེ་དང་། ཧྲེན་ཀྲེན་དང་ཅང་མོན། ཀྲའོ་ཆིང་བཅས་སུ་སོ་སོར6རེ་དང་། མེ་ཀྲོའུ་ལ5དང་། ཀྲུའུ་ཧའེ་དང་ཧུའེ་ཀྲོའུ་ལ་སོ་སོར4རེ། ཁྲའོ་ཀྲོའུ་ལ2དང་། དབྱང་ཅང་དང་ཡུན་ཧྥུ་ལ་སོ་སོར1རེ་བཅས་ཡོད།

རིགས་གཅིག་མཁས་ཅན་གྱིས་རིམས་ནད་མགྱོགས་མྱུར་ངང་འཕར་བའི་རྣམ་པ་བཀག་འགོག་རགས་ཙམ་ཐུབ་ཡོད་ཅེས་བཤད།

ནད་གཞི་ཁྱབ་པ་གང་མགྱོགས་ཀྱིས་འགོག་ཆེད། གཟའ་འཁོར་འདིར་ཀོང་ཏུང་ཞིང་ཆེན་ཡོངས་སུ་དུས་ཡུན་གཟའ་འཁོར་གཅིག་ལ་གཅིག་སྡུད་ཐོག་དུག་སྦྲང་གསོད་པའི་ལས་འགུལ་སྤེལ་བ་རེད།

ཀོང་ཏུང་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་འགོས་ནད་སྔོན་འགོག་ཚོད་འཛིན་སུའོ་ཡི་སུའོ་ཀྲང་དང་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་དབུ་བཞུགས་རིགས་གཅིག་མཁས་ཅན་ཁང་མིན་གྱིས་བཤད་དོན། མིག་སྔར་ཀོང་ཏུང་ཞིང་ཆེན་གྱི་རིམས་ནད་མགྱོགས་མྱུར་ངང་འཕར་བའི་རྣམ་པ་བཀག་འགོག་རགས་ཙམ་ཐུབ་ཡོད་པ་དང་། གཟའ་འཁོར་འདིའི་ནང་གི་ཀོང་ཏུང་ཞིང་ཆེན་གྱི་གསར་དུ་འཕར་བའི་ནད་དཔེའི་གྲངས་འབོར་ཆག་པའི་རྣམ་པ་མངོན་པ་དང་ལྷག་པར་དུ་ལྟེ་བའི་ཁུལ་ཏེ་ཧྲུན་ཏེ་ཆུས་ཀྱི་སྙན་ཞུའི་གྲངས་འབོར་མར་ཆག་ཡོད།

ཡིན་ནའང་། རྒྱལ་སྤྱིའི་ཅི་ཁུང་ཁེན་ཡ་རའི་རིམས་ནད་ཚབས་ཆེ་བ་དང་། ཀོང་ཏུང་ཞིང་ཆེན་གྱིས་ཕྱི་ཕྱོགས་སུ་འབྲེལ་འདྲིས་བྱེད་ཚད་མང་བས་ཕྱི་ཡི་ནད་ནང་དུ་ཁྱབ་པའི་ཉེན་ཁ་སྔར་བཞིན་ཡོད་ལ། འབྲུབ་དུས་སུ་སླེབས་པ་དང་། རྒྱ་མཚོའི་རླུང་འཚུབ་དང་ཆར་པ་འབབ་པ་སོགས་ཀྱི་གནམ་གཤིས་ཀྱི་ཤུགས་རྐྱེན་གྱིས་དུག་སྦྲང་མང་བ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྔར་བཞིན་རྙོག་འཛིང་ཆེ་བའི་འགྲན་སློང་དྲག་པོ་ཡོད།


མཉམ་སྤྱོད།