དེ་རིང་ནི2025ལོའི་ཟླ08པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཟི་ལིང་གི་རིན་བསྡུའི་ས་ཚིགས་ཤིག་ཏུ་འདམ་རུད་བྱུང་བས་སྒོ་བརྒྱབ།

2025-08-04 15:26:51   |   303

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་ཚེས4ཉིན་གྱི་སྔ་དྲོའི་ཆུ་ཚོད11ཙམ་ལ་ཟི་ལིང་ནས་གཅིག་སྒྲིལ་བར་གྱི་གཞུང་ལམ(ཧྲང་ཞིན་གྲོང་ནས་ཁྲི་ཀ་རྫོང་གི་ཕྱོགས)གྱི་ཁྲི་ཀའི་ལམ་དུམ་དུ་འདམ་རུད་བྱུང་བས་ལམ་དུམ་བུ་དེ་བཀག་སྡོམ་བྱས། ད་ཆ་ཧྲང་ཞིན་གྲོང་ཧྲན་མཱ་ཐའེ་ཡི་རིན་བསྡུའི་ས་ཚིགས་སྒོ་བརྒྱབ་ཡོད་པ་རེད། མིག་སྔར་རིན་བསྡུའི་ས་ཚིགས་སུ་རླངས་འཁོར་མང་པོ་བཀག་ཡོད་པས་ཁྲི་ཀ་དང་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དུ་འགྲོ་བའི་རླངས་འཁོར་དག་ལམ་བསྐོར་ནས་འགྲོ་དགོས། རླངས་འཁོར་ཤར་གཏོང་དུས་ཚོད་ནི་ཁྲི་ཀའི་འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་དོ་དམ་མེད་པར་བཟོ་རྒྱུ་དེ་ཚད་གཞིར་འཛིན་དགོས།

རྒྱ་ཆེའི་རླངས་འཁོར་ཁ་ལོ་བ་རྣམས་ཀྱིས་གནམ་གཤིས་འགྱུར་ལྡོག་དང་ལམ་གྱི་ཆ་འཕྲིན་ལ་དོ་ཁུར་ཆེན་པོ་བྱས་ནས་ཡུལ་དངོས་ཀྱི་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་དང་ལེན་ཞུ་དགོས། འདི་ལས་ཁྱེད་ལ་སྟབས་མི་བདེ་བ་བཟོས་པས་དགོངས་དག་ཞུ་བ་ཡིན།



མཉམ་སྤྱོད།