དེ་རིང་ནི2025ལོའི་ཟླ08པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་འཐུས་ཚབ་རུ་ཁག་གིས་ཨང་དང་པོ་ལྔ་བླངས་པ།

2025-08-14 17:14:59   |   125

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8ཚེས13ཉིན་མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པའི་འགྲན་བསྡུར་རྣམ་གྲངས་དང་པོ་གླང་ཆེན་ས་གཤག་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་མི་རིགས་ལུས་རྩལ་ཁང་དུ་མཇུག་སྒྲིལ་བ་རེད། འགྲན་བསྡུར་ཐེངས་མང་བྱས་པ་བརྒྱུད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་ཚབ་རུ་ཁག་གིས་རིམ་པ་ལྔའི་ཨང་དང་པོ་བླངས་ནས་འགྲན་བསྡུར་དང་པོའི་ཁྲོད་ཀྱི་མིག་དབང་འཕྲོག་ཤོས་ཀྱི་དཔུང་ཁག་ཅིག་ཏུ་གྱུར་ཡོད།

གླང་ཆེན་ས་གཤག་འགྲན་བསྡུར་དེར་བདམས་ཐོན་པའི་ལྗིད་ཚད་ལ་གཞིགས་ནས་རིམ་པ་བདུན་ཏེ། དེའི་ནང་སྤྱི་རྒྱ55ཅན་དང་། སྤྱི་རྒྱ61ཅན། སྤྱི་རྒྱ68ཅན། སྤྱི་རྒྱ76ཅན། སྤྱི་རྒྱ85ཅན། སྤྱི་རྒྱ90ཡན་ཅན་བཅས་སུ་དབྱེ་ཡོད། མཚོ་བྱང་ཁུལ་གྱི་འཐུས་ཚབ་རུ་ཁག་གི་བསྟན་འཛིན་མགོན་དང་། དཀོན་མཆོག་སྐྱབས། བཀྲ་ཤིས་དོན་གྲུབ། ཀུན་བཟང་རྡོ་རྗེ། འགྱུར་མེད་རྒྱལ་བཅས་ཀྱིས་སྤྱི་རྒྱ55ཅན་ནས་སྤྱི་རྒྱ85ཅན་བར་གྱི་ཨང་དང་པོ་ལྔ་བླངས་ཡོད། 


མཉམ་སྤྱོད།