དེ་རིང་ནི2025ལོའི་ཟླ08པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཏན་འབེབས་ལྟར་སྤྲད་པའི་བུ་བཙའི་ཁ་གསབ་ལ་མི་སྒེར་གྱི་ཐོབ་ཁྲལ་རྩ་ཆག་གཏོང་རྒྱུ་རེད།

2025-08-21 11:08:03   |   206

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བ་ནས་ཟླ8པའི་ཚེས20ཉིན་འབྱོར་བའི་གློག་འཕྲིན། ནོར་སྲིད་པུའི་དྲ་ཚིགས་ཐོག་ཚེས20ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཕྲུ་གུ་གསོ་བའི་ཁ་གསབ་དང་འབྲེལ་བ་ཡོད་པའི་མི་སྒེར་གྱི་ཐོབ་ཁྲལ་སྲིད་ཇུས་སྐོར་གྱི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་པ་རེད།

ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་པའི《བུ་བཙའི་ཁ་གསབ་ལམ་ལུགས་ལག་བསྟར་ཇུས་གཞི》ཡི་འབྲེལ་ཡོད་གཏན་འབེབས་ལག་བསྟར་དོན་འཁྱོལ་བྱ་ཆེད། ད་ལྟ་བུ་བཙའི་ཁ་གསབ་ཀྱི་འབྲེལ་ཡོད་མི་སྒེར་གྱི་ཐོབ་ཁྲལ་སྲིད་ཇུས་སྤྱི་བསྒྲགས་བྱས་པ་གཤམ་གསལ།

གཅིག བུ་བཙའི་ཁ་གསབ་ལམ་ལུགས་ཀྱི་གཏན་འབེབས་ལྟར་སྤྲད་པའི་བུ་བཙའི་ཁ་གསབ་ལ་སྒེར་གྱི་ཐོབ་ཁྲལ་རྩ་ཆག་གཏོང་རྒྱུ།

གཉིས། འཕྲོད་བསྟེན་བདེ་ཐང་སྡེ་ཚན་དང་ནོར་སྲིད་སྡེ་ཚན། ཁྲལ་དོན་སྡེ་ཚན་དབར་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་འཛུགས་དགོས། རྫོང་རིམ་པའི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་གཏན་འབེབས་ལྟར་ཁ་གསབ་ལེན་མཁན་ལ་སྒེར་གྱི་ཐོབ་ཁྲལ་རྩ་ཆག་གཏོང་བའི་སྙན་ཞུ་འབུལ་དགོས།

གསུམ། སྤྱི་བསྒྲགས་འདི2025ལོའི་ཟླ1པོའི་ཚེས1ཉིན་ནས་ལག་ལེན་བསྟར་རྒྱུ།

123.jpg


མཉམ་སྤྱོད།