དེ་རིང་ནི2025ལོའི་ཟླ08པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་གྲོང་གསེབ་འགྲུལ་སྐྱེལ་ཤར་གཏོང་ཐུབ་ཚད100%ཟིན་པ།

2025-08-19 09:27:17   |   40

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་ཚེས18ཉིན། གསར་འགོད་པས་མཚོ་བྱང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔའི་བར་མཚོ་བྱང་ཁུལ་གྱི་ཡུལ་ཚོ་དང་གྲོང་རྡལ30དང་སྲིད་འཛིན་གྲོང་ཚོ214ཡི་འགྲུལ་སྐྱེལ་ཤར་གཏོང་ཐུབ་ཚད100%ཟིན་ཡོད།

1.jpg

ད་ལོའི་ཚུན་དུ་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས“ཤར་གཏོང་ཐུབ་པ་དང་། འགྲོ་སྐྱོད་སྟབས་བདེ་ཡོད་པ། སྤྱོད་གོ་ཆོད་པ”བཅས་ལ་དམིགས་ཏེ་གྲོང་གསེབ་གཞུང་ལམ་གྱི་བེད་སྤྱོད་རིན་ཐང་དང་དམངས་འཚོ་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཡོད། མིག་སྔར། ཁུལ་ཡོངས་སུ་འགྲུལ་སྐྱེལ་ལམ་ཐིག99ཤར་གཏོང་ཐུབ་ཡོད་པའི་ནང་དུས་གཏན་ལམ་ཐིག44དང་། སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག42དང་། འགྲུལ་སྐྱེལ་ལམ་ཐིག13བཅས་ཡོད། ད་ཆ་ཡུལ་ཚོ་དང་གྲོང་རྡལ30དང་སྲིད་འཛིན་གྲོང་ཚོ214ཡོད་པའི་ནང་འགྲུལ་སྐྱེལ་ཡུལ་ཚོར་ཤར་གཏོང་ཐུབ་ཚད100%དང་གྲོང་ཚོར་ཤར་གཏོང་ཐུབ་ཚད100%ཟིན་ནས་མང་ཚོགས་ལ“ཕྱིར་འགྲོ་སྐབས་ལམ་ཡོད་པ་དང་། སྒོ་ཁར་རླངས་འཁོར་ཡོད་པ། ཁྱིམ་དུ་མྱུར་སྐྱེལ་ཐོན་པ”བཅས་བྱས་ཏེ་མང་ཚོགས་ཀྱི་གྲོང་གསེབ་ལམ་གྱི་གཞི་རྩའི་ཕྱིར་སྐྱོད་དགོས་མཁོ་བསྐངས་ཡོད།

2.jpg

3.jpg

གཞན་ཡང་མདོ་ལ་རྫོང་ཆིང་དབྱང་ལུང་ཤུར་གྱི་གཞུང་ལམ་དང་། འཇུ་ལག་རྫོང་ཐང་གོང་མ་གྲོང་ཚོའི་གཞུང་ལམ། སྨོན་ལམ་མཐོན་པོའི་གཞུང་ལམ་སོགས་གྲོང་གསེབ་ཀྱི་གནས་སྐོར་གཞུང་ལམ་འབོར་ཆེན་བསྐྲུན་པ་དང་བསྟུན་ནས་གྲོང་གསེབ་ཀྱི་འགྲིམ་འགྲུལ་ཤར་གཏོང་ཐུབ་པ་མ་ཟད། གནས་སྐོར་ཐོན་ཁུངས་དང་ཁྱད་ལྡན་ཐོན་ལས་དེ་བས་སྦྲེལ་མཐུད་ཐུབ་ནས་གྲོང་གསེབ་དར་སྤེལ་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད་དེ། ཤ་མོ་དང་གྲོ་མ། འབྲི་ཞོ་སོགས་ཁྱད་ལྡན་ཐོན་རྫས་ལ་དགའ་མཁན་ཀྱང་ཇེ་མང་དུ་ཕྱིན་ཡོད་པ་དང་། གཞུང་ལམ་འགྲམ་རྒྱུད་དུ“ཞིང་པའི་གཞིས་ཁྱིམ”སོགས་མང་པོ་དར་བ་དང་། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཡོང་སྒོ་ཇེ་མང་དུ་ཕྱིན་ཡོད།

4.jpg

དེ་དང་ཆབས་ཅིག་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེ་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་ཏེ། ཞིང་ཆེན་རིམ་པའི་རྣམ་གྲངས་མ་དངུལ་སྒོར་ཁྲི2770ཚང་མ་རྫོང་བཞིར་སྤྲད། ཁུལ་ཡོངས་ཀྱི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེའི་གྲངས་གཞི་ལེགས་སྒྲིག་ནན་ཏན་བྱས་ནས་རླངས་འཁོར266ལ་ཁ་གསབ་རོགས་དངུལ་སྒོར་ཁྲི1194.5སྤྲད།


མཉམ་སྤྱོད།