དེ་རིང་ནི2025ལོའི་ཟླ08པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་ཉིན་གཅིག་གི་གནས་སྐོར་བ་མི18475སླེབས།

2025-08-18 10:16:58   |   85

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།  མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།    བཤེར་འབེབས།    རིན་ཆེན་ཚེ་རིང་། 


ཟླ8པའི་ཚེས16ཉིན། མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་ལྗོངས་ཁུལ་དུ་སླར་ཡང་མགྲོན་པོ་མང་པའི་རྣམ་པ་མངོན་ནས་ལྗོངས་ཁུལ་གྱི་གནས་སྐོར་བ་མི་གྲངས18475ལ་སླེབས། དེ་ནི་ཐེངས་སྔོན་མའི་གནས་སྐོར་པ་མང་པའི་དུས་ཚིགས་རྗེས་ཀྱི་ལྗོངས་ཁུལ་གྱི་ཉིན་གཅིག་གི་སྣེ་ལེན་བྱེད་ཚད་སླར་ཡང“མི་ཁྲི”ཡི་སྐས་རིམ་ལ་སླེབས་པ་ཞིག་རེད།

01.png

ཐེངས་འདིའི་མགྲོན་པོ་ཇེ་མང་དུ་ཕྱིན་པ་དེ་འོས་ཤིང་འཚམ་པའི་ནམ་ཟླ་དང་མདའ་བཞི་རྩྭ་ཐང་གི་རོལ་དབྱངས་དུས་ཆེན་གཟབ་རྒྱས་ངང་ཚོགས་མགོ་བརྩམས་པ་གཉིས་ཀྱི་མཐུན་རྐྱེན་གྱིས་གནས་སྐོར་བ་འབོར་ཆེན་ཞིག་རི་འཛེགས་བྱས་ནས་ཡུལ་ལྗོངས་ལ་ལྟ་སྐོར་བྱེད་པའི་ཡིད་དབང་བཀུག་ཡོད། ལྗོངས་ཁུལ་དུ་ཁྱིམ་ཚང་གིས་སྒེར་འཁོར་བཏང་ནས་གུང་གསེང་གཏོང་བ་དང་གཉེན་ཉེ་དང་གྲོགས་པོ་མཉམ་དུ་གནས་སྐོར་བྱེད་པ་དེ་གཙོ་རྒྱུགས་སུ་གྱུར་ཡོད། རི་འཛེག་རྐང་ལམ་དང་ལྗོངས་གཟིགས་སྟེགས་བུ་སོགས་ལྟེ་བའི་ས་ཁོངས་སུ་མི་ཚོགས་མང་པོ་ཡོད་པས་གང་སར་འཁྲུག་ཆ་དོད་པའི་གནས་སྐོར་གྱི་རྣམ་པ་ཞིག་མངོན་ཡོད།

02.jpg

གནས་སྐོར་བ་མང་པོ་ཡོད་པར་ཁ་ཕྱོགས་ནས་ལྗོངས་ཁུལ་གྱིས་ཡུལ་དངོས་ཁྲིད་སྟོན་དང་སྒྲིག་ལམ་སྲུང་སྐྱོང་ལ་ཤུགས་བསྣན་པར་མ་ཟད། རྒྱ་ཆེའི་གནས་སྐོར་བ་རྣམས་ལ་ལུགས་མཐུན་ངང་འགྲུལ་བཞུད་བཀོད་སྒྲིག་དང་བདེ་འཇགས་དོ་སྣང་། འགྲུལ་བཞུད་ལམ་སྟོན་བཅས་བྱས་ནས་གནས་སྐོར་ཁོར་ཡུག་བཟང་པོ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུའི་དྲན་སྐུལ་བྱས།


མཉམ་སྤྱོད།