དེ་རིང་ནི2025ལོའི་ཟླ08པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་བོད་ཀྱི་ལ་གཞས་འགྲན་བསྡུར་སྐབས་དགུ་པ་དང་མཚོ་ལྷོ་ཁུལ“མཚོ་སྔོན་པོ་རྟགས་མའི”རྟ་རྒྱུག་འགྲན་ཚོགས་སྐབས་དང་པོའི་མགོ་རྩོམ་མཛད་སྒོ་སྤེལ།

2025-08-18 09:09:22   |   64

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། གངས་ལྗོངས་མེ་ལོང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་མཚོ་ལྷོ་ནི་སྣ་བརྒྱའི་མེ་ཏོག་གི་དྲི་བསུང་གང་སར་ཁྱབ་པའི་དག་ཞིང་ཞིག་ཡིན།  ཟླ8པའི་ཚེས15ཉིན།  “ལྷ་མཚོའི་རི་གླུ རྟ་མཆོག་གི་བང་རྩལ”ཞེས་པ་བརྗོད་དོན་ཡིན་པའི“འཆམ་མཛེས་གུང་ཧོ”རྟགས་མའི་མཚོ་སྔོན་ཞིང་ཆེན་བོད་ཀྱི་ལ་གཞས་འགྲན་བསྡུར་སྐབས་དགུ་པ་དང“མཚོ་སྔོན་པོ”རྟགས་མའི་རྟ་རྒྱུག་འགྲན་ཚོགས་སྐབས་དང་པོའི་མགོ་རྩོམ་མཛད་སྒོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཅང་ཤེས་གྲོང་རྡལ་རྨོག་རུ་སྡེ་བ་རུ་སྤེལ།

མགོ་རྩོམ་མཛད་སྒོ་རུ“བྱིས་དུས་ཀྱི་རྟ་རྒྱུག་གི་འདུན་མ”དང“ནས་ཆང་དང་སྐྲ་རྒྱན་དམར་པོ” “རྟའི་རྨུག་འོག་གི་འབྱུང་འགྱུར”བཅས་ཀྱི་ལེའུ་གསུམ་རིམ་བཞིན་སྤེལ་བ་དང་།  སྒྱུ་རྩལ་གྱི་སྐད་ཆས་མི་རིགས་ཀྱི་དྲན་ཤེས་དང་དུས་རབས་ཀྱི་ཕུགས་འདུན་དམ་དུ་སྦྲེལ་ཡོད་པ་དེ་བྱ་འགུལ་ཧྲིལ་བོའི་མིག་དབང་འཕྲོག་པའི་རྒྱུ་རུ་གྱུར་ཡོད།

ཐེངས་འདིའི་བྱ་འགུལ་དུ་ལ་གཞས་དང་རྟ་རྒྱུག་ཟུང་དུ་འབྲེལ་ཡོད་ལ།  དྲིལ་བསྒྲགས་དང་འབྲེལ་འདྲིས་ཀྱི་སྤྱི་སྟེགས་བསྐྲུན་པ་དང་དམངས་སྲོལ་རིག་གནས་ཀྱི་མཛེས་སྡུག་ལ་རོལ་མྱོང་བྱེད་པར་དམིགས་ནས།  ཁྱོན་ཡོངས་ནས་སྲོལ་རྒྱུན་མི་རིགས་རིག་གནས་ལ་སྲུང་སྐྱོབ་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་མཛེས་པའི་རི་མོ་འགྲེམ་སྟོན་བྱས།  གསོན་ཉམས་ལྡན་པའི་ངང་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་འཆམ་མཐུན་མཉམ་གནས་དང་སེམས་ཤུགས་གཅིག་སྒྲིལ།  འཆམ་མཐུན་འཕེལ་རྒྱས་ཀྱི་བསམ་བློའི་སྙིང་སྟོབས་མངོན་པ་དང་།  ནུས་ལྡན་ངང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པའི་སྙིང་སྟོབས་ལ་སྐུལ་སློང་བྱས།  གུང་ཧོ་རྫོང་གིས་ངོ་མཚར་བའི་རིག་རྩལ་རིམ་བསྟར་བྱ་འགུལ་ལ་བརྟེན་ནས་ཚང་མར་གཏིང་ཟབ་པའི་ངང་མཚོ་ལྷོའི་དམངས་སྲོལ་གོམས་གཤིས་དང་།  ལོ་རྒྱུས་རིག་གནས་ལ་རྒྱུས་ལོན།  རྟ་རྒྱུག་གི་དཔའ་ཉམས་དང་ལ་གཞས་ཀྱི་དུང་སེམས།  རྩྭ་ཐང་གི་སྲོལ་རྒྱུན་བཅས་ལ་མྱོང་རོལ་བྱས་ཏེ།  དགའ་སྤྲོའི་དགོད་སྒྲའི་ཁྲོད་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དྲོལ་ཁོལ་ཚོར་དུ་བཅུག

རྒྱུས་ལོན་བྱུང་བ་ལྟར་ན།  ཐེངས་འདིའི་བྱ་འགུལ་གྱི་དུས་ཡུན་ཟླ8པའི་ཚེས21ཉིན་བར་ཡིན་ལ།  དེ་དང་མཉམ་དུ།  རྟ་རྒྱུག་འགྲན་བསྡུར་དང་གཡག་རྒྱུག་འགྲན་བསྡུར། དམངས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་རིམ་པའི་བྱ་འགུལ།  “འཛམ་གླིང་ཟིན་ཐོར”འགྲན་སློང་བྱེད་པའི་བྱ་འགུལ།  “རྟ་རྒྱུག་དུས་སྟོན་གྱི་དགའ་སྤྲོའི་ཡོ་ལང”ཞེས་པའི་རིག་རྩལ་འགྲབ་སྟོན།  “ཕྱུགས་ཀྱི་འཕེལ་ཁ་དར་བའི་གཟི་ཉམས་མངོན”ཞེས་པའི་འབྲོག་ལུག་དང་ནོར་ནག་གི་རྒྱུད་བཟང་འགྲན་བསྡུར།  ཁྱད་ལྡན་རིག་གནས་གནས་སྐོར་ཐོན་རྫས་འགྲེམ་འཚོང་དང་ཁྱད་ལྡན་ཟས་མཆོག་སོགས་ཀྱི་བྱ་འགུལ་སྤེལ་ནས།  སྔར་ལས་ལྷག་པའི་སྒོ་ནས་ས་གནས་ཀྱི་རིག་གནས་དང་ཁྱད་འཕགས་ཀྱི་མཛེས་སྡུག་མངོན།

ཉེ་བའི་ལོ་འགའི་རིང་། མཚོ་ལྷོ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་རིག་གནས་གནས་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམ་འཛིན་བྱེད་ས་གལ་ཆེན་དང་།  ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་དང་རིག་གནས་བང་མཛོད་ལ་བརྟེན་ནས།  ཧུར་ཐག་གིས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཚིགས་འཛུགས་སྐྲུན་བྱེད་པའི་ཇུས་ཆེན་དང་མཉམ་འདྲེས་བྱས་ཏེ།  མུ་མཐུད་དུ་ཁྱད་ལྡན་རིག་གནས་གནས་སྐོར་གྱི་ཟུང་རྟགས་བསྐྲུན་པ་དང་།  འབད་པས“སྙན་ངག་དང་རྒྱང་རིང”མི་མང་བོའི་འཚོ་བའི་ཁྲོད་དུ་འདྲེས་སུ་འཇུག་རྒྱུ་རེད།  མཚོ་ལྷོའི་རིག་གནས་གནས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ལ་རང་བྱུང་ལྗོངས་རྣམ་མཛེས་སྡུག་ལྡན་པ་དང་།  རིག་གནས་ཀྱི་རྫོང་མཐུག་པ་ཞིག་ཡིན།  “རྟ་ཐོག་གི་དཔལ་འབྱོར”དང་ལ་གཞས་རིག་གནས་རིམ་བཞིན་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་ཁ་སྣོན་དང་ས་གནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བར་གྱུར་ཡོད།


མཉམ་སྤྱོད།