དེ་རིང་ནི2025ལོའི་ཟླ09པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱིས་བུ་བཅོལ་ཁང་གི་གྲོན་བསྡུ་དོ་དམ་གྱི་སྒྲིག་སྲོལ་གསར་པ་ཁྱབ་བསྒྲགས་བྱས་པ།

2025-09-05 10:33:22   |   239

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། སྔོན་འགྲོ་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་བདེ་འཇགས་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད། མི་དམངས་མང་ཚོགས་ཀྱི་བུ་ཕྲུག་གསོ་སྐྱོང་དང་དེའི་སློབ་གསོའི་མ་རྩ་ཇེ་ཉུང་། ཞིང་ཆེན་གྱི་བུ་བཅོལ་ཁང་གི་གྲོན་བསྡུ་དོ་དམ་ཚད་ལྡན་དུ་གཏོང་བ། སྔོན་འགྲོ་སློབ་གསོ་མྱོང་བའི་བྱིས་པ་དང་བུ་བཅོལ་ཁང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་། ཞིང་ཆེན་ཡོངས་ཀྱི་སྔོན་འགྲོ་སློབ་གསོའི་བྱ་གཞག་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་བཅས་གཏང་ཆེད། གསར་འགོད་པས་ཞིང་ཆེན་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པ་ལྟར་ན། ཉེ་ཆར། ཞིང་ཆེན་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་དང་ཞིང་ཆེན་སློབ་གསོ་ཐིང་གཉིས་ཀྱིས《མཚོ་སྔོན་ཞིང་ཆེན་བུ་བཅོལ་ཁང་གི་གྲོན་བསྡུ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས》(གཤམ་ནས《གནས་སྐབས་ལག་བསྟར་བྱེད་ཐབས》ཞེས་བསྡུ་རྒྱུ)གཏན་འབེབས་དང་པར་འགྲེམས་བྱས་པ་རེད། 《གནས་སྐབས་ལག་བསྟར་བྱེད་ཐབས》དེ2025ལོའི་ཟླ8པའི་ཚེས29ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པ་དང་གོ་ཆོད་དུས་ཡུན་ལོ་གཉིས་ཡིན་པ་རེད།

སྤྱི་ཚོགས་གྱི་དོ་ཁུར་ལ་ལན་བསློགས་ནས་གྲོན་བསྡུའི་རྣམ་གྲངས་ཁ་གསལ་བཟོ་བ།《གནས་སྐབས་ལག་བསྟར་བྱེད་ཐབས》དེ་ནི་རང་ཞིང་གི་སྲིད་འཛིན་ས་ཁོངས་ནང་གི་རིམ་པ་སོ་སོའི་སློབ་གསོ་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་བརྒྱུད་གཉེར་ཞིང་། སྤྱི་ཚོགས་ལ་ཁ་ཕྱོགས་ནས་བུ་ཕྲུག་གསོ་སྐྱོང་དང་དེའི་སློབ་གསོ་ལ་ཞབས་ཞུ་མཁོ་འདོན་བྱེད་པའི་གཞུང་གཉེར་བུ་བཅོལ་ཁང་དང་། ཁེ་གཉེར་རང་བཞིན་མིན་པའི་དམངས་གཉེར་དང་ཁེ་གཉེར་རང་བཞིན་གྱི་དམངས་གཉེར་བུ་བཅོལ་ཁང་། ཉིན་གང་ལམ་ལུགས་དང་། ཞག་སྡོད་ལམ་ལུགས། ཉིན་ཕྱེད་ལམ་ལུགས་བཅས་ཀྱི་བུ་བཅོལ་ཁང་དང་དེ་བཞིན་སློབ་ཆུང་གིས་ཟུར་དུ་བཙུགས་པའི་བུ་བཅོལ་ཁང་(གཤམ་ཏུ་བུ་བཅོལ་ཁང་ཞེས་བསྡུ་རྒྱུ)བཅས་ལ་སྤྱོད་རྒྱུ་རེད། དོ་སྣང་བྱེད་དགོས་པ་ཞིག་ནི《གནས་སྐབས་ལག་བསྟར་བྱེད་ཐབས》ཀྱིས་དམག་དཔུང་ཁོངས་གཏོགས་ཀྱི་གཞུང་གཉེར་བུ་བཅོལ་ཁང་ཐོག་མར་གྲོན་བསྡུའི་དོ་དམ་ནང་བཅུག་པ་རེད།

《གནས་སྐབས་ལག་བསྟར་བྱེད་ཐབས》ཀྱི་ནང་དོན་ལ་གྲོན་བསྡུའི་རྣམ་གྲངས་དང་། དོ་དམ། གྲོན་བསྡུའི་ཚད་གཞི་བཟོ་བ། གྲོན་དངུལ་ཕྱིར་སློག་གི་རྩ་དོན་དང་ལྟ་སྐུལ་དོ་དམ་སོགས་ཕྱོགས་མང་པོ་འདུ་བ་དང་། སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ངང་དོ་ཁུར་བྱེད་པའི“བུ་བཅོལ་ཁང་གི་གྲོན་དངུལ་མཐོ་བ་དང་གྲོན་དངུལ་གང་བྱུང་བསྡུ་བའི”གནད་དོན་ལ་ལན་སློག

《གནས་སྐབས་ལག་བསྟར་བྱེད་ཐབས》ནང་དུ།  བུ་བཅོལ་ཁང་གི་གྲོན་བསྡུའི་རྣམ་གྲངས་ནང་གསོ་སྐྱོང་དང་སློབ་གསོའི་གྲོན་དངུལ་དང་། སྡོད་ཁང་གི་གྲོན་དངུལ་བསྡུ་བ། ཞབས་ཞུའི་རང་བཞིན་གྱི་གྲོན་བསྡུ་དང་། ཚབ་བྱེད་གྲོན་བསྡུ། གསོ་སྐྱོང་འཛིན་གྲྭ་བཙུགས་པ་རྣམས་ལ་གསོ་སྐྱོང་དང་སློབ་གསོའི་གྲོན་དངུལ་བསྡུ་ཆོག ཞབས་ཞུའི་རང་བཞིན་གྱི་གྲོན་བསྡུའི་ནང་དུ། བཟའ་བཅའི་གྲོན་དངུལ་དང་། སློབ་སྐྱེལ་རླངས་འཁོར་ཞབས་ཞུའི་གྲོན་དངུལ། དུས་ཕྱིར་འགྱངས་ཀྱི་ཞབས་ཞུའི་གྲོན་དངུལ་བཅས་ཚུད། ཚབ་བྱེད་གྲོན་བསྡུའི་རྣམ་གྲངས་ནང་ཉལ་ཁྲིའི་ཡོ་བྱད་གྲོན་དངུལ་དང་། བུ་བཅོལ་ཁང་གི་སློབ་ལྭའི་གྲོན་དངུལ། བྱིས་པའི་ལུས་བཤེར་གྲོན་དངུལ་བཅས་ཚུད། སློབ་གླིང་དུ་ཞུགས་པའི་འབྲེལ་ཡོད་རོགས་སྐྱོར་གྲོན་དངུལ་དང་སློབ་ཡོན་ཞལ་འདེབས་སོགས་གྲོན་དངུལ་བསྡུ་མི་ཆོག་པ་མ་ཟད། ཁྱད་ལྡན་འཛིན་གྲྭ་དང་སྤྲོ་སྣང་འཛིན་གྲྭ་སོགས་ཀྱི་མིང་ཐོག་ནས་ཀྱང་ལོགས་སུ་གྲོན་དངུལ་བསྡུ་མི་ཆོག་པ་བསྟན་ཡོད།

གྲོན་དངུལ་བསྡུ་བའི་ཚད་གཞིའི་ཁྱད་པར་དང་གཞུང་གཉེར་དམངས་གཉེར་གཉིས་ཀྱི་དབྱེ་བ།《གནས་སྐབས་ལག་བསྟར་བྱེད་ཐབས》ནང་གཞུང་གཉེར་བུ་བཅོལ་ཁང་གི་སློབ་གསོའི་གྲོན་དངུལ་དང་ཞག་སྡོད་གྲོན་དངུལ་ལ་སྲིད་གཞུང་གིས་ཐག་བཅད་པའི་སློབ་རིན་ལག་བསྟར་བྱ་རྒྱུ།  ཁེ་གཉེར་རང་བཞིན་མིན་པའི་དམངས་གཉེར་བུ་བཅོལ་ཁང་གིས་སྲིད་གཞུང་གིས་མཛུབ་སྟོན་བྱས་པའི་རིན་གོང་ལག་བསྟར་བྱ་རྒྱུ་དང་། དེ་ནི་གྲོང་ཁྱེར་(ཁུལ)གྱི་གཙོ་གཉེར་སྡེ་ཁག་གིས་ཐག་བཅད་པའི་རིན་གོང་སྤྱད་རྒྱུ། ཁེ་གཉེར་རང་བཞིན་གྱི་དམངས་གཉེར་བུ་བཅོལ་ཁང་གིས་གྲོན་དངུལ་བསྡུ་བར་ཁྲོམ་རའི་སྙོམས་སྒྲིག་རིན་གོང་དེ་ལག་བསྟར་བྱ་དགོས་པས། སྔ་མོ་ནས་སྤྱི་བསྒྲགས་དང་ཡིག་ཚགས་ཐོ་འགོད་བྱེད་དགོས། དགུན་གནང་དང་དབྱར་གནང་རིང་སློབ་གསོ་སྲུང་སྐྱོང་ཞབས་ཞུ་མཁོ་འདོན་བྱེད་པའི་གྲོན་དངུལ་འཕར་ཚད50%ལས་བརྒལ་མི་ཆོག

《གནས་སྐབས་ལག་བསྟར་བྱེད་ཐབས》ཀྱིས་མ་རྩ་ཁ་གསལ་དང་གྲོན་བསྡུ་ཡོངས་བསྒྲགས་ལ་ཤུགས་བསྣན་ནས་ཁྱིམ་བདག་གིས་གནས་ཚུལ་ཤེས་བའི་དབང་ཆ་འགན་ལེན་བྱ་དགོས། བུ་བཅོལ་ཁང་གིས་གྲོན་བསྡུའི་ཡོངས་བསྒྲགས་ལམ་ལུགས་ལག་བསྟར་ནན་པོ་བྱས་པ་དང་། དྲ་ཚིགས་དང་སྤྱི་བསྒྲགས་ལེ་ཚན་སོགས་བརྒྱུད་ནས་གྲོན་བསྡུའི་རྣམ་གྲངས་དང་ཚད་གཞི་ཡོངས་བསྒྲགས་བྱེད་དགོས། སློབ་མ་མ་བསྡུས་སྔོན་དུ་ཡོངས་བསྒྲགས་མ་བྱས་པ་ཡིན་ན་གྲོན་དངུལ་གྱི་ཚད་གཞི་ལོ་སྔོན་མའི་ཚད་གཞི་ལས་བརྒལ་མི་ཆོག ཞབས་ཞུ་རང་བཞིན་གྱི་གྲོན་བསྡུ་དང་ཚབ་བསྡུ་གྲོན་དངུལ་བསྡུ་བར“ཁྱིམ་བདག་གིས་རང་མོས་དང་དོན་དངོས་ལ་གཞིགས་ནས་བསྡུ་བ་དང་། དུས་བཀག་ལྟར་རྩིས་རྒྱག་པ། ཡོངས་བསྒྲགས་ཁ་གསལ་བཅས་ཀྱི་རྩ་དོན་ངེས་པར་དུ་བརྩི་སྲུང་བྱ་དགོས་པ་མ་ཟད། སློབ་གསོ་སྲུང་སྐྱོང་གྲོན་དངུལ་དང་ཞག་སྡོད་གྲོན་དངུལ་བསྡུ་མི་ཆོག

གྲོན་དངུལ་ཕྱིར་སློག་གི་ལམ་སྲོལ་ཇེ་ཞིབ་ཏུ་གཏོང་བ་དང་། དམིགས་བསལ་གནས་ཚུལ་ལ་ཆག་ཡང་བྱེད་པ།《གནས་སྐབས་ལག་བསྟར་བྱེད་ཐབས》ནང་དུ། བྱིས་པ་བུ་བཅོལ་ཁང་ནས་འབུད་པ(སློབ་གྲྭ་གཞན་དུ་བསྐོར་བའི)དུས་ལ་སློབ་གསོའི་སློབ་ཡོན་དུས་རིམ་དབྱེ་ནས་ཕྱིར་སློག་རྒྱུ་སྟེ། སློབ་འགོ་ཚུགས་ནས་ཟླ་བ་གཉིས་ཀྱི་ནང་དུ་སློབ་གྲྭར་ཕྱིར་འབུད་ན་བཅོལ་ཁང་ནས50%ཡི་སློབ་ཡོན་ཕྱིར་སློག་དགོས་པ་དང་། ཟླ་གཉིས་ལས་བརྒལ་ན་ཕྱིར་མི་སློག  ཟླ་རེར་གྲོན་དངུལ་སྤྲོད་པ་དེ་སྤྱིར་བཏང་དུ་ཕྱིར་སློག་མི་དགོས།  ཞག་སྡོད་གྲོན་དངུལ་དང་ཟས་རིན་ནི་སློབ་གྲྭར་སྡོད་པའི་ཉིན་གྲངས་ལྟར་རྩིས་ནས་ཕྱིར་སློག་པ་དང་། ། རིམས་འགོག་དང་རང་བྱུང་གནོད་འཚེ་སོགས་འགོག་ཐབས་བྲལ་བའི་རྐྱེན་ངན་ཀྱི་དབང་གིས་སློབ་གྲྭར་འབྱོར་མ་ཐུབ་ཚེ། སློབ་གྲྭར་ཡོང་མ་ཐུབ་པའི་ཉིན་གྲངས་ལྟར་གྲོན་དངུལ་ཕྱིར་སློག་དགོས་པ་བསྟན།

《གནས་སྐབས་ལག་བསྟར་བྱེད་ཐབས》ཀྱིས་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཡོད་པའི་བྱིས་པར་དམིགས་ནས་རང་ཞིང་གི་རོགས་རམ་སྲིད་ཇུས་ལྟར་ཆག་ཡང་དང་རྩ་ཆག་གཏོང་དགོས། རྒྱལ་ཁབ་ཀྱི་བྱིས་པ་སྐྱེ་བ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་དང་། ས་གནས་སོ་སོས་བྱིས་པ་གཉིས་དང་དེའི་ཡན་ཆད་ཀྱི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་པའི་སློབ་གསོའི་གྲོན་དངུལ་ཁག་ཅིག ཆག་ཡང་དང་རྩ་ཆག་གཏོང་རྒྱུ་སྐུལ་མ་བྱེད་དགོས། བྱེད་ཐབས་ཞིབ་ཕྲ་ས་གནས་སོ་སོའི་སློབ་གསོ་ནོར་སྲིད་སྡེ་ཁག་གིས་གཏན་འབེབས་བྱ་དགོས་པ་གསལ་འབེབས་བྱས་ཡོད།

ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་བུ་བཅོལ་ཁང་གི་གྲོན་བསྡུ་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས།《གནས་སྐབས་ལག་བསྟར་བྱེད་ཐབས》ནང་དུ། རིམ་པ་སོ་སོའི་རིན་གོང་དང་སློབ་གསོ། ནོར་སྲིད། ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་གིས་བུ་བཅོལ་ཁང་གི་གྲོན་བསྡུ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་འགལ་གྱི་གྲོན་བསྡུའི་བྱ་སྤྱོད་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་དགོས། བུ་བཅོལ་ཁང་གིས་ངེས་པར་དུ་ལོ་འཁོར་ལྟར་གཏོང་ཡོང་གནས་ཚུལ་སྙན་སེང་ཞུ་དགོས་པ་དང་། མ་རྩ་བརྟག་དཔྱད་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་ལ་གཞོགས་འདེགས་བྱ་དགོས་པ་གསལ་འབེབས་བྱས།

《གནས་སྐབས་ལག་བསྟར་བྱེད་ཐབས》འདི་ནི་མཚོ་སྔོན་ཞིང་ཆེན་གྱིས་སྔོན་འགྲོ་སློབ་གསོའི་སྲིད་ཇུས་མ་ལག་འཐུས་ཚང་དང་། “བྱིས་པ་གསོ་སྐྱོང་”བྱེད་ཐབས་གལ་ཆེན་ལ་སྐུལ་འདེད་གཏོང་བར་བཏོན་པ་ཡིན་ལ།  དམིགས་ཡུལ་ནི་རིན་གོང་གཏན་འཁེལ་གྱི་ལམ་སྲོལ་ཁ་གསལབཟོ་བ་དང་། གྲོན་དངུལ་བསྡུ་བའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། སྤྱི་ཚོགས་ཀྱི་ལྟ་སྐུལ་ལ་ཤུགས་བསྣན། ཁྱིམ་ཚང་གི་བྱིས་སྐྱོང་ཁུར་པོ་ཇེ་ཡང་གཏོང་བ་བརྒྱུད་དེ། སྔོན་འགྲོ་སློབ་གསོ་སྔར་ལས་ཁྱོན་ཡོངས་ལ་ཁྱབ་ཅིང་། དྲང་གཞག་ཡིན་པ།  སྤུས་ལེགས་པ་ཞིག་འཁྱོངས་པར་སྐུལ་འདེད་གཏང་ཆེད་རེད།


མཉམ་སྤྱོད།