དེ་རིང་ནི2025ལོའི་ཟླ09པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ནེ་པ་ལ་ནས་འབྲུག་ཡུལ་བར་གནམ་གྲུའི་ལམ་ཐིག་གསར་པ་ཞིག་བཏོད།

2025-09-08 10:00:58   |   41

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


 འབྲུག་ཡུལ་མཁའ་འགྲུལ་གྱིས་ཟླ9པའི་ཚེས28ཉིན་ནས་བཟུང་ཕ་ནོ་ནས་ནེ་པ་ལའི་པོ་ཁེ་ལ་བར་གྱི་གཙང་གླས་གནམ་གྲུའི་ལམ་ཐིག་ཤར་གཏོང་བྱ་རྒྱུ་ཡིན་པ་དང་། དེ་ནི་པོ་ཁེ་ལ་རྒྱལ་སྤྱིའི་གནམ་ཐང་གིས་ཀྲུང་གོའི་མཁའ་ལམ་ཤར་གཏོང་བྱས་རྗེས་གསར་དུ་ཤར་གཏོང་བྱས་པའི་རྒྱལ་སྤྱིའི་མཁའ་ལམ་གཞན་ཞིག་ཡིན་པ་རེད།

     མཁའ་ལམ་དེའི་དུས་ཐེངས་ཐོག་མའི་གནམ་གྲུ་ཟླ9པའི་ཚེས28ཉིན་ནས་ཟླ10པའི་ཚེས1ཉིན་བར་ཤར་གཏོང་བྱ་རྒྱུ་ཡིན་པ་དང་། འབྲུག་ཡུལ་མཁའ་འགྲུལ་དུ་འགྲུལ་པ་མི་གྲངས126བསྡད་ཆོག་གི་ཡོད། དེ་སྔོན་ཀྲུང་གོའི་སི་ཁྲོན་མཁའ་འགྲུལ་གྱིས་ཁྲེང་ཏུའུ་ནས་པོ་ཁེ་ལའི་བར་གྱི་གཙང་གླས་གནམ་གྲུའི་ལམ་ཐིག་ཤར་གཏོང་བྱས་པ་དང་ཀྲུང་གོ་དང་ནེ་པ་ལས་མ་རྩ་མཉམ་འཇོག་བྱས་པའི་ཧི་མ་ལ་ཡ་མཁའ་འགྲུལ་གྱིས་ཀྱང་པོ་ཁེ་ལ་ནས་བོད་ལྗོངས་ལྷ་ས་བར་གྱི་གཙང་གླས་གནམ་གྲུའི་ལམ་ཐིག་ཤར་གཏོང་བྱས་ཡོད།

     པོ་ཁེ་ལ་གྲོང་ཁྱེར་གྱི་ཧྲི་ཀྲང་ཨ་ཁྲ་ལི་ཡ་ཡིས་མཁའ་ལམ་གསར་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད་པ་དང་། ཁོང་གིས་བྱེད་ཐབས་དེ་ལག་ལེན་བསྟར་བ་དེས་ནེ་པ་ལ་དང་འབྲུག་ཡུལ་གྱི་གནས་སྐོར་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་རྒྱུ་དང་། པོ་ཁེ་ལ་རྒྱལ་སྤྱིའི་ཁྲོམ་རར་དེ་བས་ལེགས་པའི་སྒོ་ནས་ཞུགས་རྒྱུར་ཕན་ཐོགས་རྒྱུ་རེད་ཅེས་བཤད་པ་རེད། ཁོང་གིས་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་མཁའ་ལམ་དེ་མུ་མཐུད་གཏོང་རྒྱུའི་འགན་ལེན་བྱེད་པ་དང་འབྲེལ་འབྱུང་འགྱུར་དུས་ཚོད་ངེས་ཅན་གྱི་དུས་གཏན་གནམ་གྲུ་གཏོང་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ཟླ་བརྒྱད་པ་ནས་བཟུང་ནེ་པ་ལ་སྲིད་གཞུང་གིས་མཁའ་འགྲུལ་སྤྱི་གཉེར་ལ་གཟིགས་སྐྱོང་བྱེད་ཐབས་མང་པོ་བཏོན་པ་སྟེ། རྒྱལ་སྤྱིའི་གནས་སྐོར་བའི་ཞབས་ཞུའི་གྲོན་དངུལ་མི་རེར་ནེ་པ་ལའི་སྒོར་མོ3000(ཨ་སྒོར21.26ཙམ)གཟིགས་སྐྱོང་བྱས་པ་དང་། རྒྱལ་སྤྱིའི་དུས་གཏན་གནམ་གྲུའི་ས་ཐོག་ཞབས་ཞུའི་གྲོན་དངུལ75%ཆག་ཡང་གཏོང་རྒྱུ་སོགས་ཚུད་ཡོད་པ་དེ་དག་ནི་མཁའ་འགྲུལ་སྤྱི་གཉེར་དེ་བས་མང་པོས་པོ་ཁེ་ལ་རྒྱལ་སྤྱིའི་གནམ་ཐང་དང་ལུམ་བི་ཚལ་རྒྱལ་སྤྱིའི་གནམ་ཐང་དེ་རྒྱལ་སྤྱིའི་དུས་གཏན་གནམ་གྲུ་འབབ་འཕུར་བྱ་ཡུལ་དུ་འདེམས་རྒྱུའི་ཆེད་དུ་ཡིན་པ་རེད།


མཉམ་སྤྱོད།