དེ་རིང་ནི2025ལོའི་ཟླ09པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོའི་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཟླ་བ་སྤེལ་མགོ་བརྩམས།

2025-09-09 08:51:37   |   32

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་སྔོན་ཞིང་ཆེན་དང་ཟི་ལིང་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་གིས་གཙོ་སྒྲུབ་བྱས་པ་དང་། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་གྱིས་འགན་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཟླ་བའི་མགོ་རྩོམ་མཛད་སྒོ་དང་ཟི་ལིང་གྲོང་ཁྱེར་གྱི་རིགས་སོ་སོའི་མི་རིགས་ཀྱི་འགྲོ་འོང་དང་འབྲེལ་འདྲིས། མཉམ་འདྲེས་བཅས་ཀྱི་ཆེད་དོན་འཁྲབ་སྟོན་ཟི་ལིང་གྲོང་ཁྱེར་དུ་སྤེལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ། ཀྲུའུ་རེན་གཞོན་པ་དབྱང་ཧྲིན་ཁྲོན། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཏ་ཡའེ། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་གཞོན་པ་ཀོ་ཀྲི་ཁྲའོ་བཅས་མཛད་སྒོར་ཞུགས།

བྱ་འགུལ་ལས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བྱེད་པ་དང་། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བསམ་པ་གཅིག་གིས་ཀྲུང་གོའི་ཕུགས་མདུན་བསྐྲུན”ཞེས་པ་བརྗོད་གཞི་བྱས་ནས། “འགྲེམ་སྟོན་དང་འཁྲབ་སྟོན་ཟུང་འབྲེལ”གྱི་རྣམ་པ་གསར་གཏོད་དང་བེད་སྤྱོད་བྱས་ཏེ། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ནུབ་མཚོ་ལམ་པའོ་ཅེ་སྲང་ལམ་དུ་འཁྲབ་སྟོན་བྱས་ནས། མི་རིགས་མཐུན་སྒྲིལ་བརྗོད་གཞི་བྱས་པའི་མེ་ཏོག་གིས་སྤྲོས་པའི་སྐོར་སྐྱོད་རླངས་འཁོར་དང་། གླུ་དང་ཞབས་བྲོ་སོགས་རྩེད་རིགས23བཀོད་སྒྲིག་བྱས་ཡོད།

བྱ་འགུལ་ལས་ཟི་ལིང་གྲོང་ཁྱེར་ཏང་འཛུགས་ཀྱིས“ཐུན་མོང་ཕྱུག་འགྱུར་ཐོན་ལས”ལ་སྣེ་ཁྲིད་དང་སྐུལ་འདེད་བྱས་པའི་བྱ་བའི་གྲུབ་འབྲས་འགྲེམ་སྟོན་བྱས་པ་དང་། རྫོང་ཁག7གྱིས་ཁུལ་དབྱེ་ནས་སོ་སོས་ཀྲུང་ལུགས་སྨན་རྫས་དང་། གཟུགས་འདུས་ཤུག་བཞག་རིག་གནས།ཁྱད་ལྡན་བཟའ་བཏུང་། རིག་གནས་གསར་གཏོད་ཐོན་རྫས་སོགས་རྣམ་པ་མི་འདྲ་བ་དང་། ཁྱད་ཆོས་ལྡན་པའི་ཐུན་མོང་ཕྱུག་འགྱུར་ཐོན་རྫས་འགྲེམ་སྟོན་བྱས་ཏེ། ཕྱོགས་ཡོངས་ནས་མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་མངོན་པར་བྱས།

ཐེངས་འདིའི་བྱ་འགུལ་ནི་ཞིང་ཆེན་དང་གྲོང་ཁྱེར། ཆུས་བཅས་རིམ་པ་གསུམ་གྱིས་མཉམ་དུ་སྒྲུབ་པ་ཡིན་ལ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། དེ་དང་མཉམ་དུ་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་ཟླ་བའི་བྱ་འགུལ་མགོ་བརྩམས་པ་དང་། དྲིལ་སྒྲོག་ཟླ་བའི་ནང་དུ་ཞིང་ཆེན་ཡོངས་ནས་རྒྱུན་མཐུད་ངང་རྣམ་པ་མི་འདྲ་བའི་བརྗོད་གཞི་སྣ་ཚོགས་ཀྱི་བྱ་འགུལ་སྤེལ་ཏེ། རིགས་སོ་སོའི་མི་དམངས་ཀྱི“ངེས་འཛིན་ལྔ”ཤུགས་ཆེར་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་ལེའུ་གསར་པ་འབྲི་བར་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།


མཉམ་སྤྱོད།