དེ་རིང་ནི2025ལོའི་ཟླ09པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ནང་གི“སྲ་བརྟན”བརྗོད་དོན་བྱས་པའི་སློབ་ཆེན་སྐད་ཡིག་གི་སློབ་དེབ་ཐོག་མ་དཔེ་སྐྲུན་བྱས་པ།

2025-09-11 10:09:31   |   34

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་མི་རིགས་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།   


  ཉེ་ཆར། རྒྱལ་ནང་གི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ”བརྗོད་དོན་གཙོ་བོར་བྱས་པའི་སློབ་ཆེན་སྐད་ཡིག་གི་སློབ་དེབ་ཐོག་མ་སྟེ།《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་དེབ:སློབ་ཆེན་སྐད་ཡིག》དངོས་སུ་དཔེ་སྐྲུན་བྱས། དེ་ནི་པེ་ཅིང་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་ཀྲེན་ཀོ་མིང་དང་། ཤིན་ཅང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་ལིའུ་ཀྲེང་ཅང་གིས་མཉམ་དུ་གཙོ་སྒྲིག་བྱས་པ་དང་། པེ་ཅིང་སྐད་ཡིག་སློབ་ཆེན་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་སློབ་དེབ་ཅིག་ཡིན་ལ། སྐད་ཡིག་རིག་ཚན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོ་མཉམ་འདྲེས་གཏིང་ཟབ་བྱེད་པའི་གསར་གཏོད་གྲུབ་འབྲས་ཤིག་ཡིན་པ་མ་ཟད། མཐོ་སློབ་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོའི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ཏེ་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་གནད་གལ་ཆེན་ཞིག་ཏུ་གྱུར་ཡོད།

1.jpg

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་ཡིན་ལ། མི་རིགས་ས་ཁུལ་གྱི་ལས་དོན་ཁག་སྒྲུབ་པའི་གཙོ་རྐང་ཡང་ཡིན། མཐོ་སློབ་ནི་འཇོན་མི་གསོ་སྐྱོང་དང་ཚན་རིག་ཞིབ་འཇུག རིག་གནས་གསར་གཏོད་རྒྱུན་འཛིན་གྱི་གནས་གལ་ཆེན་ཞིག་ཡིན་པས། དེ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོ་སྤེལ་སའི་གནས་འགངས་ཆེན་ཞིག་ཀྱང་ཡིན།


མཉམ་སྤྱོད།