དེ་རིང་ནི2025ལོའི་ཟླ09པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཟླ9པའི་ཚེས16ཉིན་ནས་བཟུང་རྒྱལ་ནང་གི་འོ་མ་ལྷད་ཅན་རིགས་གཏན་འགོག་བྱ་རྒྱུ་རེད།

2025-09-10 15:23:36   |   181

རྩོམ་སྒྲིག སངས་རྒྱས་སྐྱིད།  ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


1.png

ཉེ་ལམ་བཟོ་བཅོས་བརྒྱབ་ཟིན་པའི《རྒྱལ་ཁབ་ཀྱི་བཟའ་ཆས་བདེ་འཇགས་ཀྱི་ཚད་གཞི་ལས་སྲིན་འཇོམས་འོ་མ(灭菌乳)》ཡི་ཚད་གཞི་གསར་པའི་ནང་དུ།  སྲིན་འཇོམས་འོ་མ(འོ་མ་དྲོད་མ་འཇམ)ཡིན་གཅིག་མིན་གཉིས་འོ་མ་འོ་རྐྱང་ཡིན་དགོས་པ་ལས་ལྷད་བསྲེས་སམ་བསྐྱར་བཟོས་འོ་མ(复原乳)སྤྱོད་མི་ཆོག་པ་དང་།  ཐོན་རྫས་ཀྱི་ཕྱི་ཐུམ་དུ་འོ་མ་འོ་རྐྱང(纯牛奶)ངམ་ཡང་ན་འོ་མ་དག་མ(纯牛乳)ཞེས་པའི་ཡིག་རྟགས་འགོད་པ་ལས་བསྐྱར་བཟོས་འོ་མ་ལ་སོགས་འབྲེལ་ཡོད་ཀྱི་ཡིག་རྟགས་འགོད་མི་རུང་བ་གཏན་ལ་ཕབ་ཡོད་པ་རེད།

2.png

ཁྱིམ་ཚང་ཞིག་ལ་མཚོན་ན་བྱིས་པའི་ནངས་ཟས་སུ་སྤྱོད་པའི་འོ་མ་ཕོར་གང་དེ་ནི་ཉིན་རེར་ཉེ་བར་བསྟུན་དགོས་པའི་འཚོ་བཅུད་ཀྱི་མཆོག་ཏུ་བརྩི་བཞིན་ཡོད་པས། གལ་ཏེ་དུས་རྒྱུན་བསྐྱར་བཟོས་འོ་མའམ་འོ་མ་ལྷད་ཅན་རིགས་འཐུང་ན།  དེ་རིགས་ཡང་དང་བསྐྱར་དུ་བཟོ་སྣོན་མང་པོ་བྱས་ཡོད་ཕྱིན། འོ་མའི་འཚོ་བཅུད་མང་པོ་ཤོར་ནས་དྲོ་བ་ཡང་འགྱུར་ཡོད་པ་རེད། ཚད་གཞི་གསར་པའི་ནང་དུ། འོ་མ་དག་མའི་མ་བཅོས་རྒྱུ་ཆ་ནི100%ཡི་འོ་མ་རློན་པ་ཡིན་དགོས་པས། རྗེས་མ་ང་ཚོའི་བཏུང་བྱའི་འོ་མའི་འཚོ་བཅུད་དང་སྤུས་ཀའི་ཐད་ལ་སེམས་ཁུར་ཅི་ཡང་མི་དགོས།

3.png

དེ་ཡང་བསྐྱར་བཟོས་འོ་མ་ཡང་གཏན་ནས་ཕན་པ་ཅུང་ཙམ་ཡང་མེད་པ་ཞིག་མ་ཡིན། འདས་པའི་ལོ་དུ་མར་དེ་ནི་སྟབས་བདེ་ལ། སྐྱེལ་འདྲེན་སླ་བ།  དཔལ་འབྱོར་གྱི་ཁེ་ཕན་བཟང་བ་བཅས་གོ་གཅིག་ཆོད་དང་ཀུན་མཐུན་གྱི“དཔལ་འབྱོར་ལ་སྤྱོད་འཚམ་པའི་འོ་མ”ཞིག་ཏུ་གྱུར་བར་མ་ཟད། དུས་རྒྱུན་དུ་འོ་ལས་བཏུང་ཆུ་དང་། ཞོ་ལ་སོགས་པའི་ཐོན་རྫས་ནང་སྤྱོད་ཀྱི་ཡོད། ཐེངས་འདིའི་རྒྱལ་ཁབ་ཀྱི་འོ་མ་དག་མའི་ཚད་གཞི་བཟོ་བཅོས་རྒྱག་དོན་གཙོ་བོ་རྒྱལ་ནང་གི་བཞོན་མ་གསོ་སྤེལ་གྱི་ཆུ་ཚད་ཇེ་མཐོར་ཕྱིན་པ་དང་། འོ་མ་སོས་པ་འདང་ངེ་ཐོན་སྐྱེད་ཐུབ་པ།  སྤུས་ཀ་དང་བདེ་འཇགས་ཐད་དེ་ལས་སེམས་ཁུར་མི་དགོས་པར་མ་ཟད།  འོ་མ་དག་རྐྱང་གི་དགོས་མཁོ་ཉེ་བར་བསྐང་ཐུབ་པས་རེད།

4.png

ཚད་གཞི་གསར་པ་ལག་བསྟར་བྱས་རྗེས་སྲིན་འཇོམས་འོ་མའི་ཐོན་རྫས་གྱི་ཕྱི་ཐུམ་དུ“འོ་མ་འོ་རྐྱང”ངམ“འོ་མ་དག་རྐྱང”ཞེས་པའི་ཡིག་རྟགས་འགོད་རྒྱུ་ལས་བསྐྱར་བཟོས་འོ་མ་དང་འབྲེལ་བའི་ནང་དོན་གྱི་ཡིག་རྟགས་འགོད་རྒྱུ་མིན་པ་དང་།  གཞན་ཞོ་དང་མར།  འཁྱགས་ཞོ་སོགས་ཐོན་རྫས་ནང་དུ་སྔར་བཞིན་དུ་བསྐྱར་བཟོས་འོ་མ་བསྲེས་ཆོག་མོད། དེའི་ཕྱི་ཐུམ་དུ་ངེས་པར་དུ་བསྐྱར་བཟོས་འོ་མ་ཞེས་པའི་ཡིག་རྟགས་གསལ་བོར་འགོད་དགོས་པ་ཡང་བསྟན་ཡོད་པ་རེད།

ཞོར་དུ་བཤད་རྒྱུ་ཞིག་ནི། ཀྲུང་གོའི་འོ་མའི་ཐོན་ཁུངས་ཀྱི་ལྟེ་བའི་རྒྱུ་སྤུས་ཀྱི་དམིགས་ཚད་ད་ལྟ་ཡོ་རོབ་ཀྱི་འོ་མའི་ཚད་གཞི་ལས་ལེགས་པོ་ཡོད་པས། ང་ཚོས་ཀྱང་འཛམ་གླིང་རིམ་པའི་སྤུས་ལེགས་འོ་མ་འཐུང་ཐུབ་པར་མ་ཟད། མ་འོངས་པ་ན་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་དུ་དེ་ལས་ལྷག་པའི་འགྲན་རྩོད་ནུས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་སྲིད།

ཟླ9ཚེས16ཉིན་གྱི་རྗེས་སུ། བསྐྱར་བཟོས་འོ་མས་བཟོས་པའི་རྒྱལ་ཕྱིའི་འོ་མ་ཡང“སྲིན་འཇོམས་འོ་མ”ཡི་མིང་ཐོག་ནས་ཀྲུང་གོར་འདྲེན་པ་གཏན་འགོག་བྱ་རྒྱུ་རེད། 


མཉམ་སྤྱོད།