དེ་རིང་ནི2025ལོའི་ཟླ09པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་བྱེད་ཚད་ལོ་བཅུར་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད།

2025-09-09 11:13:34   |   51

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།  ཀྲུང་གོ་གསར་འགྱུར་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བ་ནས་ཟླ9པའི་ཚེས9ཉིན་གྱི་གློག་འཕྲིན། ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“སྤུས་ཚད་མཐོ་བའི་སྒོ་ནས‘ལྔ་བཅུ་བཞིའི’འཆར་འགོད”ཡོངས་འགྲུབ་བྱས་པ་བརྗོད་དོན་ཡིན་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་། བཟོ་ལས་ཅན་གསར་པར་སྐུལ་འདེད་ཤུགས་ཆེན་བཏང་ནས་དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་སྟོབས་ཆེར་བཏང་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།

བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་ལི་ལེ་ཁྲེང་གིས་ཚོགས་འདུའི་ཐོག་རང་རྒྱལ་གྱི་ཐོན་ལས་རིམ་སྤོར་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ནས2020ལོ་ནས2024ལོ་བར། རང་རྒྱལ་གྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་ལོ་རེར་ཆ་སྙོམས་བྱས་ན7.9%དང8.7%སོ་སོར་འཕར་བ་དང་། དེས་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་བསྡུར་ཚད34.6%དང་16.3%སོ་སོར་མཐོ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ན་ནིང་གི་ཐོན་ཚད་ཁྲི1300ལས་བརྒལ་བ་དང་ཐོན་སྐྱེད་ཕྱིར་ཚོང་བྱེད་ཚད་ལོ་བཅུར་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད། གྲུ་བཟོའི་ལས་རིགས་ཀྱི་རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ་གོ་ལ་ཧྲིལ་པོའི་སྔོན་ཐོན་རྒྱུན་མཐུད་ངང་སླེབས་ཡོད། ཐོན་ལས་ཀྱི“ལྗང་མདོག”འདུས་ཚད་ཀྱང་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ནས་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ6430སླེབས་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཚན་པའི་འཕར་ཐང་གི་ནུས་རྒྱུ་ཟད་གྲོན་ཟམ་མི་ཆད་པར་དམའ་རུ་ཕྱིན་ཡོད་པ་རེད།


མཉམ་སྤྱོད།