དེ་རིང་ནི2025ལོའི་ཟླ09པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྲིང་ཡོན་གྱིས་རུ་སྣེ་ཁྲིད་དེ་ཧྲན་ཏུང་དང་སི་ཁྲོན་དུ་སོང་སྟེ་ཐོན་ལས་མཉམ་ལས་ལ་རྟོག་ཞིབ་དང་གྲོས་མོལ་གནང་།

2025-09-09 09:51:10   |   85

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ9པའི་ཚེས4ཉིན་ནས5ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཁུལ་གྱི་ཚོང་འགུགས་རྟོག་ཞིབ་ཚོགས་པའི་སྣེ་ཁྲིད་དེ་ཧྲན་ཏུང་དང་སི་ཁྲོན་ཞིང་ཆེན་གཉིས་སུ་སོང་སྟེ་གནད་ལ་འཁེལ་བའི་ཚོང་འགུགས་རྟོག་ཞིབ་བྱེད་སྒོ་སྤེལ། ཐེངས་འདིའི་རྟོག་ཞིབ་ཀྱིས་ཐོན་ལས་འབྲེལ་ཐག་ལྟེ་བར་འཛིན་པ་དམ་འཛིན་དང་། ཁེ་ལས་གཙོ་བོར་འབྲེལ་མཐུད་བྱ་རྒྱུ་དེ་འགག་རྩའི་ཐབས་ལམ་དུ་བཟུང་ཞིང་། གནས་ནས་གནས་གནད་འཁེལ་སྒོས་འཕྲད་འདྲི་དང་ངོ་ཐུག་ནས་གྲོས་མོལ་གཏིང་ཟབ་བྱས་ཏེ་མཚོ་བྱང་གི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་དང་སྟོབས་ཤུགས་བསྡུ་རུབ་བྱས།

1.png

རྟོག་ཞིབ་ཚོགས་པའི་རྟོག་ཞིབ་ལམ་ཐིག་མང་བ་དང་དམིགས་འབེན་ཁ་གསལ་ཡིན་ཞིང་། སྔ་རྗེས་སུ་པིན་ཀྲོའུ་ཀྲུང་ཡུས་བཟའ་ཆས་ཟས་རིགས་ཚད་ཡོད་སྤྱི་གཉེར་ཁང་དང་ཧྲན་ཏུང་ཏི་ལི་སི་སྡེ་ཚོགས། ཧྲན་ཏུང་གྲུ་ཁ་སྡེ་ཚོགས། སི་ཁྲོན་འཇིག་རྟེན་འཕུར་སྐྱོད་ཐའོ་ཞིན་ཞོན་ཝུའུ་ཡན་ཁེ་ལས་སྤྱི་གཉེར་ཁང་སོགས་ས་གནས་མང་པོའི་ཁེ་ལས་གྲགས་ཅན་ལ་འཕྲད་འདྲིར་སོང་ལ། དེའི་ནང་ཞིང་ཕྱུགས་ཐོན་རྫས་ཚད་ལྡན་ཅན་ཐོན་སྐྱེད་དང་ཆས་རྟགས་འཛུགས་སྐྱོང་། རྒྱུ་ཆ་གསར་པ། ཐོན་རྫས་གསར་པའི་ལག་རྩལ་གསར་གཏོད་དང་ཐོན་ལས་ཉེར་སྤྱོད་དང་དེ་བཞིན་དེང་རབས་ཟོག་འགྲེམས་མ་ལག་འཛུགས་སྐྱོང་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད།

2.jpg

གྲོས་མོལ་ཁྲོད། ཀྲང་ཧྲིང་ཡོན་གྱིས་སྡེ་ཚོགས་སོ་སོའི་ཁེ་ལས་ལ་མཚོ་བྱང་ཁུལ་གྱི་ཐོན་ཁུངས་དང་གནས་ཡུལ་གྱི་ལེགས་ཆ། ཐོན་ལས་འཕེལ་རྒྱས་ཀྱི་གཙོ་གནད། དེ་བཞིན་སྤུས་ལེགས་ཚོང་གཉེར་ཁོར་ཡུག་བཅས་ངོ་སྤྲོད་ཞིབ་ཕྲ་བྱས། ཁོས་བཤད་རྒྱུར། མིག་སྔར་མཚོ་བྱང་ཁུལ་འཕེལ་རྒྱས་མགྱོགས་ཤིང་རིགས་སྒྱུར་རིམ་སྤོར་གྱི་འགག་རྩའི་དུས་སྐབས་སུ་གནས་ཤིང་། འཕེལ་རྒྱས་ཀྱི་གོ་སྐབས་ཚད་མེད་དང་མ་འཇོག་གི་བར་མཐོངས་རྒྱ་ཆེན་པོ་ཡོད་པས་ཕྱོགས་མང་པོའི་ཐད་ཀྱི་གཙོ་གནད་མཉམ་ལས་ལ་ཁ་ཕྱོགས་བཏོན་པ་སྟེ། གཅིག་ནས་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་མཁོ་སྤྲོད་སྦྲེལ་ཐག་ཐུན་མོང་ཐོག་བསྐྲུན་རྒྱུ་དང་སྡེ་ཚོགས་དང་ཁེ་ལས་གདན་འདྲེན་ཞུས་ཏེ་མཚོ་བྱང་གི་བོད་ལུག་དང་ནོར་གནག ཤ་མོ་སེར་པོ། སྦྲང་རྩིའི་ཐོན་རྫས་སོགས་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་ཚད་ལྡན་ཅན་གྱི་རྒྱུ་ཆ་མཁོ་སྤྲོད་རྟེན་གཞི་བསྐྲུན་རྒྱུ། མཚོ་བྱང་དུ་ས་ཁོངས་ཕྱིར་ཚོང་སྤྱི་གཉེར་ཁང་བཙུགས་ནས་དཀྱིལ་སྙིང་ཐབ་ཚང་དང་སྔོན་བཟོས་ཚལ་སོགས་ལས་རིགས་གསར་པ་ཐུན་མོང་ཐོག་གསར་སྤེལ་བྱས་ཏེ་ཕྱུགས་ར་ནས་ཟ་ཁང་བར་གྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་གཏོད་དགོས། གཉིས་ནས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་གཏིང་ཟབ་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་བྱས་པའི་ལས་སྟེགས་དང་སྤུས་ཚད་ཚད་གཞི། ཁྲོམ་རའི་ཐབས་ལམ་བཅས་ལ་བརྟེན་ནས་མཚོ་བྱང་གིས་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ལས་སྣོན་ཞིབ་ཚགས། བཟའ་བཅའ་ཐུམ་སྒྲིལ་བྱེད་པ་སོགས་ཀྱི་ཐད་ཐོད་བརྒལ་ཡོང་བར་རོགས་རམ་བྱེད་པ་དང་། མཚོ་བྱང་གི་ཁྱད་ལྡན་ཐོན་རྫས་ཁེ་ལས་ཀྱི་མཁོ་སྤྲོད་སྦྲེལ་ཐག་མ་ལག་ནང་བཅུག་ནས“མཚོ་བྱང་གི་ཐོན་རྫས་དང་རྒྱལ་ཡོངས་སུ་ཕྱིར་ཚོང་བྱེད་པ”མངོན་འགྱུར་ཡོང་བར་བྱེད་རོགས། གསུམ་ནས་མཚོ་བྱང་ཁུལ་གྱི་ཕུན་སུམ་ཚོགས་པའི་ཡུལ་ལྗོངས་ཐོན་ཁུངས་དང་ལྗང་མདོག་གློག་ཁུངས། དེ་བཞིན་ས་ཞིང་དང་ལས་བཟོ་སོགས་ཕྱོགས་བསྡུས་མ་གནས་ཀྱི་མངོན་གསལ་དོད་པའི་ལེགས་ཆར་བརྟེན་ནས་ས་གནས་དང་ཁེ་ལས་ཀྱིས་སྤོ་སྒྱུར་བྱེད་དགོས་པའི་ཐོན་ལས་སྔ་མའི་བཟོ་སྐྲུན་ལས་གཞི་མཚོ་བྱང་དུ་བཀོད་སྒྲིག་བྱ་རྒྱུར་ལྷག་བསམ་ཟོལ་མེད་ངང་གདན་འདྲེན་ཞུས་པ་ཡིན། བཞི་ནས་དེང་རབས་ཟོག་འགྲེམས་ཀྱི་བགྲོད་ལམ་གསར་བ་མཉམ་གཏོད་བྱས་ཏེ། ཧྲན་ཏུང་གྲུ་ཁ་སྡེ་ཚོགས་སོགས་ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་པ་བརྒྱུད་དེ་མཉམ་ལས་ཐོག"གཞུང་ལམ་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན"དང"མཚོ་ལམ་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན"བྱས་ནས་འཁྱགས་སྦྲེལ་ཟོག་འགྲེམས་རྟེན་གཞི་དང་གློག་རྡུལ་ཚོང་དོན་སྟེགས་བུ་མཉམ་སྐྲུན་བྱས་ཏེ། མཚོ་བྱང་གི་ཁྱད་ལྡན་ཐོན་རྫས"རྒྱུད་གཅིག་ལམ་གཅིག"བརྒྱུད་དེ་སྔར་ལས་རྒྱ་ཆེ་བའི་ཁྲོམ་རའི་ཕྱོགས་སུ་བསྐྱོད་རྒྱུར་རོགས་རམ་བྱེད་རོགས། ལྔ་ནས་གནས་སྐོར་གྱི་ལས་རྣམ་གསར་བ་མཉམ་དུ་གསོ་སྐྱོང་དང་ཉམས་ཞིབ་བྱས་ཏེ། ཁེ་ལས་མཚོ་བྱང་དུ་ཡོང་ནས་གསར་བརྗེའི་ཉམས་ཞིབ་དང་སྐྱེ་ཁམས་ཉམས་ཞིབ་བྱེད་པར་གདན་འདྲེན་ཞུས་ནས་ཁེ་ལས་དང་མཉམ་དུ"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་ཀྱི་སློབ་གསོའི་རྟེན་གཞི་དང་མཐོ་སྒང་སྐྱེ་ཁམས་ཉམས་ལེན་རྟེན་གཞི་བསྐྲུན་ནས་རིག་གནས་གནས་སྐོར་གྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་རོགས་ཟེར།

3.jpg

སྡེ་ཚོགས་དང་ཁེ་ལས་སོ་སོའི་འགན་འཁུར་བས་བཤད་རྒྱུར། མཚོ་བྱང་ཁུལ་གྱི་ཐོན་ཁུངས་ཀྱི་ལེགས་ཆ་མངོན་གསལ་དོད་པ་དང་ཚོང་གཉེར་ཁོར་ཡུག་ལེགས་པ། འཕེལ་རྒྱས་ཀྱི་འཆར་འགོད་དང་ཁེ་ལས་ཁྲོམ་ར་ཅན་གྱི་དགོས་མཁོའི་མཐུན་ཚད་མཐོ་བས་མ་འོངས་འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། གོམ་སྟབས་རྗེས་མར། སྡེ་ཚོགས་དང་ཁེ་ལས་ཀྱིས་མཚོ་བྱང་དང་འབྲེལ་མཐུད་བྱ་རྒྱུར་སྔར་ལས་ཤུགས་སྣོན་པ་དང་མཚོ་བྱང་གི་ཐོན་ཁུངས་དང་ཐོན་ལས་སོགས་ཐད་ཀྱི་བསྡུར་གཞི་ཡོད་པའི་ལེགས་ཆར་བརྟེན་ནས། ཁེ་ལས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་ཟུང་འབྲེལ་གྱིས་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ལེགས་ལས་གཞི་བཀོད་སྒྲིག་ཧུར་ཐག་བྱས་ཏེ་མཉམ་དུ་གཉིས་ཁེ་གཉིས་ཕན་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་རྒྱུ་ཡིན་ཟེར།

4.png

ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་འཕེལ་སྒྱུར་ཨུ་ལྷན། ཁུལ་བཟོ་འཕྲིན་ཅུ། ཁུལ་ཞིང་ཕྱུགས་ཅུ། ཧྲན་ཏུང་གི་མཚོ་སྐྱོར་ལས་བྱེད་དོ་དམ་ཚན་ཆུང་དང་། དེ་བཞིན་མཚོ་བྱང་ཁུལ་གྱི་ཧྲན་ཏུང་དུ་བཅའ་སྡོད་བྱས་པའི་འབྲེལ་གཏུག་ཁྲུའུ་ཡི་འགན་འཁུར་བློ་མཐུན་བཅས་སོ་སོར་ཚོང་འགུགས་རྟོག་ཞིབ་ལ་ཞུགས།


མཉམ་སྤྱོད།