དེ་རིང་ནི2025ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་མཚོ་བྱང་གི་ཚོགས་ར་གཙོ་བོའི་བྱེད་སྒོ་སྤེལ་མགོ་བརྩམས།

2025-09-17 15:24:45   |   45

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

ཟླ9པའི་ཚེས16ཉིན། ཁུལ་ཨུའི་དྲ་འཕྲིན་གཞུང་ལས་ཁང་དང་ཁུལ་སྤྱི་བདེ་ཅུས་གཙོ་སྒྲུབ་བྱས་ཤིང་། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུ་དང་། ཁུལ་སློབ་གསོ་ཅུ།  མི་དམངས་དངུལ་ཁང་མཚོ་བྱང་ཁུལ་ཡན་ལག་དངུལ་ཁང་། ཀྲུང་གོ་འབྲེལ་འཕྲིན་མཚོ་བྱང་ཡན་ལག་སྤྱི་གཉེར་ཁང་སོགས་ལས་ཁུངས12ཀྱིས་རོགས་སྒྲུབ་བྱས་པའི2025ལོའི་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་མཚོ་བྱང་གི་ཚོགས་ར་གཙོ་བོའི་མགོ་རྩོམ་མཛད་སྒོ་གསེར་དངུལ་ཐང་བོད་ཁྱིམ་ཡུལ་སྲོལ་གླིང་དུ་འཚོགས། ཀྲུང་གོ་འབྲེལ་འཕྲིན་མཚོ་སྔོན་ཡན་ལག་སྤྱི་གཉེར་ཁང་གི་སྤྱི་གཉེར་བ་གཞོན་པ་ཝེ་ཝུན་ཧའེ་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུ་ཀྲང་། ཁུལ་ཨུའི་དྲ་འཕྲིན་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཀྲང་ཐའོ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་བན་བཀྲ་ཤིས་དོན་འགྲུབ་བཅས་མགོ་རྩོམ་མཛད་སྒོར་ཞུགས།

མགོ་རྩོམ་མཛད་སྒོའི་ཐོག་དང་བླངས་པའི་འཐུས་མིས་དྲ་རྒྱའི་བདེ་འཇགས་ཀྱི་གྲོས་མགོ་བཏོན་ལ། ཁུལ་ཨུའི་དྲ་འཕྲིན་གཞུང་ལས་ཁང་གིས་ཀྲུང་གོ་འབྲེལ་འཕྲིན་མཚོ་བྱང་ཡན་ལག་སྤྱི་གཉེར་ཁང་དང་མཚོ་སྔོན་ཝང་ཏུན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་ལ་དཔང་ཡིག་གནང་ཞིང་། མཚོ་བྱང་ཁུལ་གྱི་དྲ་རྒྱའི་བདེ་འཇགས་ཆེད་ཞུའི་ལག་རྩལ་རྐང་འཛིན་ཚོགས་པར་གདན་ཞུའི་ཡི་གེ་གནང་། ཝེ་ཝུན་ཧའེ་ཡིས་གཏམ་བཤད་ཁྲོད་བཤད་རྒྱུར། རྒྱལ་ཁོངས་ཁེ་ལས་ཀྱི་ལག་རྩལ་དང་འཇོན་མིའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་མཚོ་བྱང་ཁུལ་གྱི་གལ་ཆེའི་དྲ་རྒྱའི་བདེ་འཇགས་དང་དོན་རྐྱེན་ལ་ཁ་གཏད་གཅོག་པ་དང་འགག་རྩའི་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོབ་སོགས་ཀྱི་ཐད་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་རྒྱུ་ཡིན་ཟེར། ཀྲང་ཐའོ་ཡིས་དྲ་རྒྱའི་བདེ་འཇགས་བྱ་བ་ལེགས་པར་བསྒྲུབ་པ་དང་། དྲ་རྒྱའི་བདེ་འཇགས་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་བའི་ཐད་ཞིབ་ཕྲའི་བླང་བྱ་བཏོན།


རིག་རྩལ་འཁྲབ་སྟོན་གྱི་བར་གསེང་དུ་ཡུལ་དངོས་སུ་བྱ་དགའ་ཡོད་པའི་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱའི་འགྲན་སྡུར་དང་དྲ་ཐོག་གི་བྱ་རིམ་ཆུང་བའི་ལན་འདེབས་འགྲན་སྡུར་སྤེལ་བ་དང་། ཞིང་ཆེན་རིམ་པའི་ཆེད་མཁས་པ་གདན་ཞུ་བྱས་ནས“དྲ་རྒྱ་དང་ཆ་འཕྲིན་གྱི་བདེ་འཇགས་འགོག་སྲུང་སྲ་བརྟན་དུ་བཏང་སྟེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད”ཅེས་པ་བརྗོད་དོན་དུ་བཟུང་ནས་དྲ་རྒྱའི་བདེ་འཇགས་ཆེད་དོན་འཆད་ཁྲིད་སྤེལ། བྱེད་སྒོ་སྤེལ་ཡུལ་གྱི་མངོན་གསལ་དོད་པའི་འཕྲེད་རས་སྦྱར་ཡིག་དང་ཕུན་སུམ་ཚོགས་པའི་དྲིལ་སྒྲོག་དཔྱད་གཞིས་མང་ཚོགས་མང་པོ་ཞིག་བློ་འདྲི་སློབ་སྦྱོང་བྱེད་དུ་ཡོང་ཡོད་པ་དང་། དྲིལ་སྒྲོག་ནང་དོན་ལ་དྲ་རྒྱའི་བདེ་འཇགས་ཁྲིམས་ལུགས་ཁྲིམས་སྲོལ་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ།  དྲ་རྒྱའི་མགོ་སྐོར་སྔོན་འགོག་སོགས་ཚུད་ཡོད།

9.jpg

10.jpg

བྱེད་སྒོར་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་བ་དང་། མཚོ་བྱང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མ། ནུབ་མཚོ་གྲོང་རྡལ་གྱི་སྡོད་དམངས་སོགས་མི400ལྷག་ཞུགས་ཤིང་། ལས་བྱེད་མང་ཚོགས་ཀྱི་དྲ་རྒྱའི་བདེ་འཇགས་འདུ་ཤེས་དང་འགོག་ཟོན་ནུས་པ་ནུས་ལྡན་ངང་མཐོ་རུ་བཏང་ཡོད།


མཉམ་སྤྱོད།