དེ་རིང་ནི2025ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུ་ཡིས《ཆོས་ལུགས་ལས་རིགས་མི་སྣའི་དྲ་རྒྱའི་བྱ་སྤྱོད་ཚད་གཞི》དཔར་འགྲེམས་བྱས་པ།

2025-09-18 09:32:48   |   370

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྐད་འཕྲིན་སྤྱི་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུ་ཡིས《ཆོས་ལུགས་ལས་རིགས་མི་སྣའི་དྲ་རྒྱའི་བྱ་སྤྱོད་ཚད་གཞི》(གཤམ་དུ《བྱ་སྤྱོད་ཚད་གཞི》ཞེས་བསྡུ་རྒྱུ)དངོས་སུ་དཔར་འགྲེམས་བྱས།《བྱ་སྤྱོད་ཚད་གཞི》ཁྱབ་བསྒྲགས་དང་ལག་བསྟར་བྱ་རྒྱུ་དེ་ནི《ཆོས་ལུགས་ལས་དོན་སྲོལ་ཡིག》དང་།《ཆོས་ལུགས་ལས་རིགས་མི་སྣའི་དོ་དམ་བྱེད་ཐབས》《དྲ་སྦྲེལ་ཆ་འཕྲིན་ཞབས་ཞུ་དོ་དམ་བྱེད་ཐབས》《དྲ་སྦྲེལ་ཆོས་ལུགས་ཆ་འཕྲིན་ཞབས་ཞུ་དོ་དམ་བྱེད་ཐབས》སོགས་ཁྲིམས་སྲོལ་སྒྲིག་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་པས། ཆོས་ལུགས་ལས་དོན་མི་སྣའི་དྲ་རྒྱའི་བྱ་སྤྱོད་ལ་ཚོད་འཛིན་དང་། དྲ་སྦྲེལ་ཆོས་ལུགས་ཁྱབ་ཁོངས་ཀྱི་སྒྲིག་ལམ་སྲུང་བར་ཕན།

《བྱ་སྤྱོད་ཚད་གཞི》ལ་ཁྱོན་དོན་ཚན18ཡོད་པ་དང་། ཆོས་ལུགས་ལས་དོན་མི་སྣས་དྲ་རྒྱའི་བྱ་སྤྱོད་སྤེལ་རྒྱུའི་ཐད་གཏན་འབེབས་ཞིབ་ཕྲ་བྱས་ཡོད།《བྱ་སྤྱོད་ཚད་གཞི》ཡི་ནང་ཆོས་ལུགས་ལས་དོན་མི་སྣས་དྲ་རྒྱའི་བྱ་སྤྱོད་སྤེལ་སྐབས་མེས་རྒྱལ་ལ་དགའ་ཞེན་དང་། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལ་བརྩི་བཀུར། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཆོས་ལུགས་ལས་དོན་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་བཅས་བྱེད་དགོས། ཆོས་ལུགས་ལས་རིགས་མི་སྣས་དྲ་ཐོག་ཏུ་ཆོས་འཆད་པའམ་ཡང་ན་ཆོས་ལུགས་སློབ་གསོའི་གསོ་སྦྱོང་བྱེད་སྐབས།《དྲ་སྦྲེལ་ཆོས་ལུགས་ཆ་འཕྲིན་ཞབས་ཞུའི་ཆོག་འཐུས་ལག་ཁྱེར》ཐོབ་པའི་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། དགོན་སྡེ་དང་ཆོས་ཁང་བཅས་ཀྱིས་ཁྲིམས་ལྟར་རང་བསྐྲུན་བྱས་པའི་དྲ་ཚིགས་དང་། ཉེར་སྤྱོད་བྱ་རིམ། གླེང་སྟེགས་སོགས་ཁོ་ན་ལས་གཞན་དུ་སྤེལ་མི་ཆོག་པ་ཁ་གསལ་བཟོས་ཡོད། ཆོས་ལུགས་ལས་རིགས་མི་སྣས་དྲ་རྒྱ་བརྒྱུད་ནས་རང་ཉིད་འུད་སྒྲོག་དང་། ཕྱི་རྒྱལ་གྱི་ཆོས་ལུགས་སིམ་འཛུལ་བྱེད་སྒོར་རྒྱབ་སྐྱོར་དང་དེའི་ནང་ཞུགས་པ། ཆོས་ལུགས་ཀྱི་ཐལ་དྲག་པའི་བསམ་བློ་བརྒྱུད་བསྒྲགས། ཚུལ་མིན་ཆོས་ལོག་དང་། མུ་སྟེགས་པའི་ཆོས་ལ་ཞུགས་པ། ཆོས་འཆད་ཉན་ལ་བརྟེན་ནས་རྒྱུ་ནོར་བསྡུ་ལེན་བྱེད་པ་སོགས་བྱེད་མི་རུང་བ་ཁ་གསལ་བཟོས་ཡོད།


མཉམ་སྤྱོད།