དེ་རིང་ནི2025ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྨ་སྟོད་རྫོང་མཚོ་སྐྱ་རེངས་ཀྱི་ཁོངས་སུ་རྙེད་པའི་བྲག་བརྐོས་རི་མོ་དེ་ཆིན་རྒྱལ་རབས་དུས་ཀྱི་རྡོ་བརྐོས་རི་མོར་ངོས་བཟུང་།

2025-09-19 08:54:26   |   51

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་པོ་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་སྔོན། གནའ་རྫས་རྟོག་ཞིབ་མི་སྣས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཡུལ་ཚོའི་མངའ་ཁོངས། སྒར་ཐང་གི་རི་ལྡེབས་ཨང་གཉིས་པའི་གཡོན་ཕྱོགས་སུ་བྲག་བརྐོས་གལ་ཆེན་ཞིག་རྙེད་པ་དང་། རྒྱལ་ཁབ་རིག་དངོས་ཅུ་ཡིས་མྱུར་དུ་བྲག་བརྐོས་རིག་དངོས་སྲུང་སྐྱོང་དང་། ཆིན་ཧན་རྒྱལ་རབས་ཀྱི་གནའ་རྫས་རྟོག་ཞིབ། གནའ་ཡིག་རིག་པ། ཡིག་གཟུགས་དང་བརྐོས་རིས་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ནས་བརྟག་ཞིབ་བྱས་པ་བརྒྱུད། བྲག་བརྐོས་དེ་ཆིན་རྒྱལ་རབས་ཀྱི་བྲག་བརྐོས་ཡིན་པ་དང་མིང་ལ“སྒར་ཐང་ཆིན་རྒྱལ་དུས་ཀྱི་བྲག་བརྐོས”ཞེས་བཏགས།

1.png

དེ་ནི་ད་ལྟའི་བར་རང་རྒྱལ་གྱིས་ཤེས་རྟོགས་བྱུང་བའི་སྔར་གནས་མཚོ་ངོས་ལས་མཐོ་ཤོས་ཆིན་རྒྱལ་རབས་དུས་ཀྱི་བྲག་བརྐོས་གཅིག་པུ་དེ་ཡིན་པ་དང་། ཆུ་མགོར་གནས་པ་དང་ལོ་རྒྱུས་ཀྱི་ཁ་གསབ་ཡིན་པས་དོན་སྙིང་ཆེན་པོ་ཡོད་པ་རེད།


མཉམ་སྤྱོད།