དེ་རིང་ནི2025ལོའི་ཟླ09པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་གསར་རྩོམ་གླུ་གཞས《གསེར་དངུལ་ཐང》གི་ཐོག་མའི་འགྲེམས་སྤེལ་མཛད་སྒོ་དང་མཚོ་བྱང་ཁུལ་གྱི་གསར་རྩོམ་གླུ་གཞས་འགྲེམས་འཁྲབ་བྱ་འགུལ་སྤེལ་རྒྱུ་རེད།

2025-09-29 09:39:24   |   19

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


གཅིག བྱེད་སྒོའི་བརྗོད་དོན།

རྒྱལ་སྟོན་བསུ་བ་དང་དབྱངས་སྙན་མཚོ་བྱང་། གསར་རྩོམ་གླུ་གཞས《གསེར་དངུལ་ཐང》གི་ཐོག་མའི་འགྲེམས་སྤེལ་མཛད་སྒོ་དང་མཚོ་བྱང་ཁུལ་གྱི་གསར་རྩོམ་གླུ་གཞས་འགྲེམས་འཁྲབ།

གཉིས། བྱེད་སྒོའི་དམིགས་ཡུལ།

ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས(རྫོང་བཞི་ཚུད)གསར་རྩོམ་བྱས་པའི་ཕུལ་བྱུང་གསར་རྩོམ་གླུ་གཞས་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱེད་པ་དང་། ཐོག་མའི་འགྲེམས་སྤེལ་མཛད་སྒོ་བརྒྱུད་དེ་ཀྲུང་གོའི་མ་རྡུལ་མཁར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་གསེར་དངུལ་རྩྭ་ཐང་གི་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་རྒྱབ་ལྗོངས་བྱས་པའི་གསར་རྩོམ་གླུ་གཞས《གསེར་དངུལ་ཐང》གཙོ་གནད་ཐོག་ངོ་སྤྲོད་བྱས་ཏེ་མཚོ་བྱང་གི་གླུ་གཞས་ཀྱི་མིང་བྱང་གསར་བ་གཏོད་པ་དང་། དེ་དང་ཆབས་ཅིག གླུ་གཞས་སྒྱུ་རྩལ་གྱི་རྣམ་པར་བརྟེན་ནས་མཚོ་བྱང་གི་ཕུན་སུམ་ཚོགས་པའི་རིག་གནས་དང་གནས་སྐོར་ཐོན་ཁུངས་དྲིལ་སྒྲོག་དང་ངོ་སྤྲོད་གང་ལེགས་བྱས་ཏེ།“དག་སྣང་མཚོ་བྱང་། མདོག་ལྔའི་གཡང་སའི”ཆས་རྟགས་ཀྱི་སྙན་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཕུལ་བྱུང་གི་གླུ་གཞས་བརྩམས་ཆོས་ལ་བརྟེན་ནས་མེས་རྒྱལ་གྱི་ལོ་འཁོར76གི་འཁྲུངས་སྐར་ལ་ལེགས་སྐྱེས་ཕུལ་བ་དང་། མཚོ་བྱང་གི་གླུ་གཞས་བྱ་གཞག་དར་རྒྱས་གོང་འཕེལ་དུ་གཏོང་རྒྱུ་དེ་རེད།

གསུམ། བྱེད་སྒོའི་དུས་ཚོད་དང་ས་གནས།

དུས་ཚོད། 2025ལོའི་ཟླ9པའི་ཚེས30ཉིན་གྱི་སྔ་དྲོའི་དུས་ཚོད10:00སྟེང་། ས་གནས། ནུབ་མཚོ་ཟློས་གར་ཁང་།

བཞི། བྱེད་སྒོའི་ནང་དོན།

1.བྱེད་སྒོའི་སྔོན་བརྡ། མཚོ་བྱང་གི་རིག་གནས་དྲིལ་སྒྲོག་བརྙན་ཐུང་སྟོན་པ།

2.སྲིད་དོན་བྱེད་སྒོ། དང་པོ། རྒྱལ་གླུ་ལེན་པ། གཉིས་པ། མགོ་ཁྲིད་ཀྱིས་ཤིས་ཚིག་ཕུལ་བ།

3.གསར་རྩོམ་གླུ་གཞས《གསེར་དངུལ་ཐང》གི་ཐོག་མའི་འགྲེམས་སྤེལ་མཛད་སྒོ་སྤེལ་བ། (1)གླུ་གཞས《གསེར་དངུལ་ཐང》གི་གསར་རྩོམ་རྒྱབ་ལྗོངས་དང་།  བརྗོད་དོན་གྱི་ནང་སྙིང་། གསར་རྩོམ་མཁན་གཙོ་བོའི་ཚོགས་པ་བཅས་ངོ་སྤྲོད་དང་།  ཡུལ་དངོས་སུ་བཅར་འདྲི་བྱེད་པའི་གོ་རིམ་བཀོད་སྒྲིག་བྱས་ཏེ་གླུ་གཞས་ཀྱི་ཚིག་དབྱངས་རྩོམ་པ་པོ་དང་ལེན་མཁན་གྱིས་གསར་རྩོམ་དང་གླུ་གཞས་བླངས་པའི་མྱོང་ཚོར་གླེང་བ།(2)ཞིང་ཆེན་དང་ཁུལ་གྱི་མགོ་ཁྲིད། གསར་རྩོམ་མཁན་གཙོ་བོ་གདན་ཞུ་བྱས་ནས་མཉམ་དུ་ཐོག་མའི་འགྲེམས་སྤེལ་མཛད་སྒོ་སྤེལ་བ།(3)ཡུལ་དངོས་ནས་ཐོག་མར་ལེན་པ།  རང་ཞིང་གི་མིང་དུ་གྲགས་པའི་གླུ་བ་ཀྲང་མིན་ཞུས་ཀྱིས་ཡུལ་དངོས་ནས་བརྩེ་སེམས་ཟབ་མོས《གསེར་དངུལ་ཐང》ཞེས་པའི་གླུ་གཞས་ལེན་པ།

4.མཚོ་བྱང་ཁུལ་གྱི་གསར་རྩོམ་གླུ་གཞས་འགྲེམས་སྟོན།  ཁུལ་མི་རིགས་གླུ་གར་ཚོགས་པ་དང་རྫོང་བཞིས་སོ་སོར་གསར་རྩོམ་གླུ་གཞས་གཉིས་རེ་བདམས་ནས་ལེན་པ། 


མཉམ་སྤྱོད།