དེ་རིང་ནི2025ལོའི་ཟླ09པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་སྲོལ་ཡིག》སང་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

2025-09-28 10:23:27   |   23

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། གངས་ལྗོངས་མེ་ལོང་། བཤེར་འབེབས། རིན་ཆེན་ཚེ་རིང་།


 ཟླ9པའི་ཚེས24ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པའི་སྟེང《མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་སྲོལ་ཡིག》ལ་བཟོ་བཅོས་བྱས་ཏེ་གྲོས་འཆམ་བྱུང་བ་དང་། 2026ལོའི་ཟླ1ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

《སྲོལ་ཡིག》ལ་སྡོམ་པའི་ལེའུ་དྲུག་དང་དོན་ཚན་སོ་བདུན་ཡོད་པ་སྟེ། སྤྱིའི་རྩ་དོན་དང་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན། སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་ནད་བཤེར། ནད་ཀྱིས་ཤི་བའི་སྲོག་ཆགས་དང་ནད་ཀྱི་གནོད་འཚེ་ཕོག་པའི་སྲོག་ཆགས་ཐོན་རྫས་གནོད་མེད་ཅན་གྱི་སྒོ་ནས་ཐག་གཅོད་དང་། བཅའ་ཁྲིམས་འགན་འཁྲི་དང་ཟུར་བཀོད་བཅས་སུ་དབྱེ་ཡོད།

《སྲོལ་ཡིག》ལས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བྱ་བར་གཅིག་གྱུར་གྱིས་མགོ་ཁྲིད་བྱས་ཏེ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད། ལོ་འཁོར་འཆར་གཞིའི་ནང་བཅུག་པ་དང་འབྲེལ་ཡོད་འགྲོ་གྲོན་རིམ་པ་དེ་གའི་སྔོན་རྩིས་ནང་བཅུག་ཡོད། གཞི་རིམ་གྱི་རིམས་འགོག་སྟོབས་ཤུགས་ལ་དམིགས་ནས།《སྲོལ་ཡིག》ལས་རྫོང་རིམ་པའི་སྲིད་གཞུང་གིས་སྡེ་བ་རིམ་པའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་མི་སྣར་ལུགས་མཐུན་གྱི་ངལ་ལས་གླ་ཕོགས་དང་དགོས་ངེས་ཀྱི་བྱ་བའི་ཆ་རྐྱེན་གྱི་འགན་སྲུང་བྱེད་དགོས་པ་གཏན་འབེབ་བྱས་ཡོད་ལ། ཟབ་ཞུགས་མི་སྣ་དང་སྲོག་ཆགས་ལ་ནད་ཕོག་ཉེན་ཚབ་དང་མི་ལུས་ཀྱི་བསམ་ཡུལ་ལས་འདས་པའི་ཉེན་ཚབ་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ནས། གཞི་རིམ་རིམས་འགོག་གི“མཇུག་མཐའི་སྤྱི་ལེ་གཅིག”གི་སྟོབས་ཤུགས་ཆེ་རུ་གཏོང་དགོས་པ་གསལ་བོར་བསྟན་ཡོད།

《སྲོལ་ཡིག》ལས་མཚོ་སྔོན་གྱི་ཁྱད་ཆོས་དང་གནད་འཁེལ་ཇུས་འདོན་འབུར་དུ་དོད་ནས། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ཁྲོམ་ར་འཁོར་སྐྱོད་བྱེད་པའི་གནོད་མེད་ཅན་གྱི་ཐག་གཅོད་རྐྱེན་སྲོལ་བརྒྱུད་དེ། གནོད་མེད་ཅན་གྱིས་ཐག་གཅོད་བྱེད་དགོས་པའི་སྲོག་ཆགས་དང་ཐོན་རྫས་ཁྱབ་ཁོངས་རིགས་བརྒྱད་གསལ་བོ་བྱས་ཡོད་ལ། སྡེ་བ་རིམ་པའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་མི་སྣ་དང་། ཆུ་བོ་དང་མཚེའུ། ནགས་ཚལ་དང་རྩྭ་ཐང་དོ་དམ་སྲུང་སྐྱོབ་མི་སྣ་བཅས་ཀྱིས་སྲོག་ཆགས་འཆི་བ་རྙེད་ཚེ་དུས་ཐོག་ཏུ་སྙན་ཞུ་བྱེད་དགོས་པ་དང་། གདུབ་ཟུམ་ཐག་གཅོད་བྱེད་པ་ཁག་ཐེག་བྱེད་དགོས། དེ་ལས་གཞན།《སྲོལ་ཡིག》ལས་སྲོག་ཆགས་གཉོར་སྐྱོང་དང་བཤའ་བའི་ལས་སྣོན་གྱི་ལས་ཁུངས་དང་མི་སྒེར་གྱིས་གཏན་འཁེལ་བྱས་པའི་བགྲོད་ལམ་མ་བརྒྱུད་པར་ཞིང་ཆེན་དེ་གར་འཛུལ་བའི་སྲོག་ཆགས་བསྡུ་ལེན་བྱས་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཞིང་ལས་ཞིང་སྡེ་གཙོ་གཉེར་སྡེ་ཁག་གིས་ཉེན་བརྡ་བཏང་ནས་སྒོར་ཁྲི་གཅིག་གི་ཆད་པ་བཅད་ཆོག


མཉམ་སྤྱོད།