དེ་རིང་ནི2025ལོའི་ཟླ10པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་མོ་རྔུལ་ཆུའི་ཆུ་མགོའི་རྡོ་རིང་གི་ཡོལ་བ་ཕྱེ་བའི་མཛད་སྒོ་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་འཚོགས་པ།

2025-10-13 17:40:47   |   123

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།   མཚོ་སྔོན་ཉིན་རེའི་ཚགས་པར།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ10པའི་ཚེས12ཉིན། “རྒྱལ་མོ་རྔུལ་ཆུའི་ཆུ་མགོ་སྲུང་། ཆུ་རྒྱུན་བསྐལ་བར་ལྷུང་ལྷུང་འབད”ཅེས་པའི་རྒྱལ་མོ་རྔུལ་ཆུའི་མགོ་ཁུངས་སུ་རྡོ་རིང་བསླངས་ནས་ཡོལ་བ་ཕྱེ་བའི་མཛད་སྒོ་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དུ་འཚོགས། སི་ཁྲོན་ཞིང་ཆེན་ཆུ་བེད་ཐིང་དང་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གི་འབྲེལ་ཡོད་མགོ་ཁྲིད་དང་། ཆེད་མཁས་པ་དང་མཁས་དབང་། གཞི་རིམ་གྱི་ལས་དོན་པ། འབྲོག་པ་མང་ཚོགས་བཅས་མཉམ་དུ་མགོ་ལོག་གི་རི་འདབས་སུ་འཛོམས་ནས་དུས་སྐབས་གལ་ཆེན་དེར་དཔང་པོ་བྱས་པ་རེད།

ཡུལ་དངོས་སུ། སི་ཁྲོན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཆུ་བེད་སྡེ་ཚན་དང་ས་གནས་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་རྒྱལ་མོ་རྔུལ་ཆུའི་ཆུ་མགོའི་ཁུངས་འདེད་དྲན་གསོའི་རྡོ་རིང་གི་དར་གོས་དམར་པོ་ཕྱེས། 2000ལོའི་ཟླ5པར། ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་རི་ཁུལ་ཞིབ་འཇུག་སུའོ་དང་རྒྱལ་མོ་རྔུལ་ཆུ་རྒྱུག་ཁུལ་གྱི་ཆུ་གློག་གསར་སྤེལ་ཀུང་སིའི་མཉམ་འབྲེལ་རྟོག་ཞིབ་རུ་ཁག་གིས་རྒྱལ་མོ་རྔུལ་ཆུའི་ཆུ་མགོ་བར་དེད་ནས་གཅིག་སྒྲིལ་རྫོང་གི་བར་བཞི་ཡུལ་ཚོའི་རྟ་སྒ“རྒྱལ་མོ་རྔུལ་ཆུའི་ཆུ་མགོ”ལ་གཏན་འཁེལ་བྱས་པ་རེད། ཐེངས་འདིའི་དྲན་གསོའི་རྡོ་རིང་གི་ཡོལ་བ་ཕྱེ་བ་དེ་ནི་རྒྱལ་མོ་རྔུལ་ཆུའི་ཆུ་མགོའི་ཁུངས་འདེད་ལས་དོན་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་བ་ཞིག་ཡིན་ལ། སི་ཁྲོན་དང་མཚོ་སྔོན་ས་གནས་གཉིས་ཀྱིས་ལག་གདང་སྦྲེལ་ནས་རྒྱལ་མོ་རྔུལ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་ཞིབ་འཇུག མཐུན་སྦྱོར་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་ཞིག་ཀྱང་མགོ་ཚུགས་པ་མཚོན་ཡོད། རྗེས་མཐུད་ཀྱི་ཆུ་མགོའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དྲ་རྒྱ་འཛུགས་སྐྲུན་དང་། ཆུའི་ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་བེད་སྤྱོད། རིག་གནས་གནས་སྐོར་མཉམ་འདྲེས་གསར་སྤེལ་བཅས་ལ་གནད་སྨིན་ཚན་རིག་གི་འདེགས་སྐྱོར་མཁོ་འདོན་བྱས་པ་མ་ཟད། མཚོ་སྔོན་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱིས“གཙང་པོ་གཅིག་མཉམ་དུ་སྲུང་སྐྱོང་བྱེད་པའི”ས་ཁོངས་ལས་བརྒལ་བའི་མཉམ་ལས་ལས་སྟེགས་བསྐྲུན་ཡོད་པ་རེད།

གཅིག་སྒྲིལ་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བས་འབྱུང་འགྱུར་སི་ཁྲོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་ལས་མཉམ་འགུལ་གཏིང་ཟབ་ཏུ་བཏང་ནས་འབྱུང་རྩའི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་འབྲེལ། “སྐྱེ་ཁམས་+རིག་གནས”དང“སྲུང་སྐྱོང+འཕེལ་རྒྱས”ཟུང་དུ་འབྲེལ་བའི་ཐབས་ལམ་གཉིས་ལ་དམིགས་ནས་མཉམ་ལས་གཏིང་ཟབ་བྱས་ཏེ་ས་ཁོངས་ལས་བརྒལ་བའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ནས་རྒྱལ་མོ་རྔུལ་ཆུའི་སྐྱེ་ཁམས་ཀྱི་དགེ་མཚན་དང་རིག་གནས་ཀྱི་འདྲེན་ཤུགས་ཀྱིས་ཡུལ་ཕྱོགས་གཉིས་ཀྱི་མང་ཚོགས་ལ་རྒྱུན་མཐུད་ངང་ཕན་བདེ་བསྐྲུན་རྒྱུ་རེད།


མཉམ་སྤྱོད།