དེ་རིང་ནི2025ལོའི་ཟླ10པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞིས2026ལོའི་གཞུང་ཞབས་པ་རྒྱུགས་བསྡུའི་མིང་ཐོ་འགོད་མགོ་ཚུགས་ཉེར་ཡོད་པ།

2025-10-14 15:36:39   |   95

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།  ཀྲུང་གོ་གསར་འགྱུར་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགོད་པས་ཟླ10པའི་ཚེས14ཉིན་རྒྱལ་ཁབ་གཞུང་ལས་པ་ཅུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞིས2026ལོའི་གཞུང་ཞབས་པ་རྒྱུགས་སྤྲོད་བསྡུ་སྤྱོད་ཀྱི་མིང་ཐོ་མི་འགྱངས་པར་འགོད་མགོ་ཚུགས་ཉེར་ཡོད་པ་དང་། ཁྱོན་སྡོམ་མི་ཁྲི3.81བསྡུ་འཆར་ཡོད་པ་རེད།

རྒྱུགས་སྤྲོད་སློབ་མས་ཟླ10པའི་ཚེས15ཉིན་གྱི་ཆུ་ཚོད8:00ནས་ཟླ10པའི་ཚེས24ཉིན་གྱི་ཆུ་ཚོད18:00བར“ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞིའི2026ལོའི་གཞུང་ཞབས་པ་རྒྱུགས་སྤྲོད་བསྡུ་སྤྱོད་ཀྱི་ཆེད་དོན་དྲཚིགས”http://bm.scs.gov.cn/kl2026ཐོ་འཇུག་བྱས་ནས་དྲ་ཐོག་ནས་མིང་ཐོ་འགོད་ཆོག་པ་དང་སྤྱི་པའི་སློབ་ཚན་གྱི་ཡིག་རྒྱུགས་དེ་ཟླ11པའི་ཚེས30ཉིན་རྒྱལ་ཡོངས་ཀྱི་ཐད་གཏོགས་གྲོང་ཁྱེར་ཁག་དང་། ཞིང་ཆེན་གྱི་སྲིད་འཛིན་གྲོང་ཁྱེར། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་གྲོང་ཁྱེར། གྲོང་ཁྱེར་ཁ་ཤས་བཅས་སུ་དུས་མཉམ་དུ་ལེན་རྒྱུ་རེད།


མཉམ་སྤྱོད།