དེ་རིང་ནི2025ལོའི་ཟླ10པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོསU19བུད་མེད་སླེ་གྲུག་འཛམ་གླིང་བུམ་པའི་འགྲན་བསྡུར་ཐོག་མར་གཉེར་རྒྱུ་རེད།

2025-10-21 15:15:22   |   102

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།   ཞིན་ཧྭ་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ10པའི་ཚེས20ཉིན་གྱི་གློག་འཕྲིན། ཚེས20ཉིན་རྒྱལ་སྤྱིའི་སླེ་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱིས2027རྒྱལ་སྤྱིའི་སླེ་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱིU19བུད་མེད་སླེ་གྲུག་འཛམ་གླིང་བུམ་པའི་འགྲན་བསྡུར་དེ2027ལོའི་ཟླ7པའི་ཚེས17ནས་ཚེས25ཉིན་བར་ཁྲེང་ཏུའུ་རུ་གཉེར་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཤིང་། དེ་ནི་འགྲན་བསྡུར་དེ་ཀྲུང་གོས་གཉེར་ཐེངས་དང་པོ་ཡིན་པ་རེད།

123.jpg

ཁྲེང་ཏུའུ་ཡིས་དེ་གོང2025ལོའི་འཛམ་གླིང་ལུས་རྩལ་འགྲན་ཚོགས་དང་། 2024ལོའི་རྒྱལ་སྤྱིའི་སླེ་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨེ་ཤེ་ཡའི་བུད་མེད་སླེ་གྲུག་མཉམ་འབྲེལ་འགྲན་བསྡུར། 2023ལོའི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སོགས་འགྲན་བསྡུར་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད།

རྒྱལ་སྤྱིའི་སླེ་གྲུག་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་ཨན་ཏེ་ལི་ཡ·ཀྲ་ཀེ་ལི་སིས“བུད་མེད་ཀྱི་སླེ་གྲུག་ལུས་རྩལ་གྱི་ཚ་རླབས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་བསྟུན་ནས་སྐབས་རྗེས་མར་ཀྲུང་གོར་གཉེར་བའིU19བུད་མེད་སླེ་གྲུག་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་ཞུགས་ཚད་དང་དོ་ཁུར་བྱེད་ཚད་དེ་བས་ཆེ་བ་ཐོབ་ངེས་ཡིན་པ་དང་། ང་ཚོས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་སླེ་གྲུག་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རམ་འདེགས་བྱ་རྒྱུ་ཡིན”ཞེས་བཤད།

ཟླ7པར་ཅེ་ཁེ་པུར་ནུའོ་ཡིས་གཉེར་བའི2025ལོའིU19བུད་མེད་སླེ་གྲུག་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་ཨ་རིའི་རུ་ཁག་ལ་ཨང་དང་པོ་ཐོབ་ནས་བསྟུད་མར་ལོ་བཞིར་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས་ཐུབ་པ་དང་། ཀྲུང་གོའི་རུ་ཁག་ཨང་རིམ11པ་ཡིན་པ་རེད།


མཉམ་སྤྱོད།