དེ་རིང་ནི2025ལོའི་ཟླ10པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལུའུ་ཧྥུ་ཕོ་བྲང་དུ་འཕྲོག་བཅོམ་བྱས་པའི་གྱོད་གཞིས་དཔལ་འབྱོར་གྱོང་གུན་ཡོ་སྒོར་ཁྲི8800བཟོས་པ།

2025-10-22 10:27:10   |   41

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཞིན་ཧྭ་གསར་འགྱུར་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཞིན་ཧྭ་གསར་འགྱུར་ཁང་ཕ་རི་སིའི་ནས་ཟླ10པའི་ཚེས21ཉིན་གྱི་གློག་འཕྲིན། ། ཧྥ་རན་སེའི་ཕ་རི་སིའི་ཞིབ་དཔྱོད་ཕྱོགས་ཀྱིས་ལུའུ་ཧྥུ་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་ལ་འཕྲོག་བཅོམ་བྱས་པའི་ནོར་བུ་བརྒྱད་སྔར་བཞིན་གར་སོང་ཆ་མེད་དུ་གྱུར་པ་དང་དཔལ་འབྱོར་གྱོང་གུན་སྔོན་དཔག་བྱས་ན་ཡོ་སྒོར་ཁྲི8800སླེབས་ཡོད་ཅེས་བཤད་པ་རེད།

ཕ་རི་སིའི་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ལོའར·པེ་ཆུས་ཨའོ་ཡིས་དེ་ཉིན་ཡོ་སྒོར་ཁྲི8800ནི་དཔལ་འབྱོར་གྱི་གྱོང་གུན་ཁོ་ན་ཙམ་ཡིན་ལ། འཕྲོག་བཅོམ་གྱིས་བཟོས་པའི་ལོ་རྒྱུས་རང་བཞིན་གྱི་གྱོང་གུན་དེ་ཚོད་དཔག་བྱེད་ཐབས་བྲལ་བ་ཞིག་རེད་ཅེས་བཤད་པ་རེད། ཁོ་མོས་ཉེས་ཅན་པར་བརྐུས་དངོས་བཙོང་ཆེད་ནོར་བུ་འདི་དག་བཤིག་པ་དང་ཞུ་བ་བྱེད་མི་རུང་ཞེས་ཁ་ཏ་བྱས་ཡོད།

ལུའུ་ཧྥུ་ཕོ་བྲང་དུ་འཕྲོག་བཅོམ་བྱས་པའི་གྱོད་གཞི་བྱུང་རྗེས། ཕྱི་ཕྱོགས་ཀྱིས་རྟེན་རྫས་བཤམས་མཛོད་ཁང་དེའི་བདེ་འཇགས་སྲུང་སྐྱོང་ལས་དོན་ལ་དོགས་པ་ཆེན་པོ་སྐྱེས་པ་རེད། དེའི་ཐད་ཧྥ་རན་སེའི་རིག་གནས་པུའུ་ཀྲང་ཏ་ཏི་ཡིས་ཚེས21ཉིན་རྒྱལ་དམངས་གྲོས་ཚོགས་ཐོག་འདྲི་རྩད་དང་ལེན་བྱེད་སྐབས།“(ལུའུ་ཧྥུ་ཕོ་བྲང)བདེ་འཇགས་སྒྲིག་བཀོད་ལ་ནུས་པ་ཤོར་མེད”ཅེས་བཤད། ལུའུ་ཧྥུ་ཕོ་བྲང་གི་དོ་དམ་རིམ་པས་ཀྱང་དེ་ཉིན་ཧྥ་རན་སེའི་སྨྱན་སྦྱོར་ལ2019ལོའི་ཟླ12པར་སྒྲིག་སྦྱོར་བྱས་པའི་འགྲེམས་སྒམ་གསར་པར་བདེ་འཇགས་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད་ཅེས་བཤད་པ་རེད།

ཕ་རི་སིའི་ཞིབ་དཔྱོད་ཕྱོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས19ཉིན་གྱི་ཆུ་ཚོད9:30ཡས་མས་སུ་ཁ་ངོ་བཏུམ་པའི་མི4ལུའུ་ཧྥུ་ཕོ་བྲང་གི་ཕྱི་རོལ་དུ་ཐོན་ནས་འཕར་ཆག་སྒྲིག་ཆས་བཀོལ་སྤྱོད་བྱེད་པར་གཞོགས་འདེགས་བྱས་ཏེ། འཛུགས་སྐྲུན་དངོས་པོའི་ཕྱི་རོལ་གྱི་ཉི་གཡབ་ནས་ཁང་པའི་ནང་འཛུལ་ཏེ་རིན་པོ་ཆེ་འཕྲོག་པ་དང་། དེའི་རིང་། ཟུར་བརྡར་འཕྲུལ་འཁོར་བཟུང་ནས་རྟེན་རྫས་བཤམས་མཛོད་ཁང་གི་བདེ་སྲུང་ལ་འཇིགས་སྐུལ་བྱས། སྐར་མ་ཁ་ཤས་ནང་ནོར་བུ་དགུ་འཕྲོག་པ་དང་། དེའི་ནང་ནས་བཙུན་མོ་ཨོའུ་རེན་ཉི་ཡི་ཅོད་པན་ཉེན་རྟོག་ཕྱོགས་ཀྱིས་རྙེད་པ་དང་། དེ་བྱིངས་ཀྱི་ནོར་བུ་བརྒྱད་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད།


མཉམ་སྤྱོད།