དེ་རིང་ནི2025ལོའི་ཟླ10པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཡོངས་བོད་རིག་པའི་རིག་གཞུང་དུས་དེབ་མཐུན་སྦྱོར་ཚོགས་འདུ་འཚོགས་པ།

2025-10-26 21:24:10   |   119

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་བོད་ཡིག་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ10པའི་ཚེས25ཉིན།  རྒྱལ་ཡོངས་ཀྱི་བོད་རིག་པའི་རིག་གཞུང་དུས་དེབ་མཐུན་སྦྱོར་ཚོགས་འདུ་སྐབས་བཅུ་གཉིས་པ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་གྲོང་ཁྱེར་སི་ཁྲོན་མི་རིགས་སློབ་གླིང་དུ་འཚོགས། ཚོགས་འདུ་དེ《ཀྲུང་གོའི་བོད་རིག་པ》དུས་དེབ་ཁང་དང་བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་དུས་དེབ་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་ཤིང་།《སི་ཁྲོན་མི་རིགས་སློབ་གླིང་གི་རིག་གཞུང་དུས་དེབ་》རྩོམ་སྒྲིག་པུའུ་དང་། སི་ཁྲོན་མི་རིགས་སློབ་གླིང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག་སྒྲུབ་གཉེར་བྱས་པ་དང་། པེ་ཅིང་དང་། ནན་ཅིང་། ཧྲང་ཧའེ། བོད་ལྗོངས། མཚོ་སྔོན་། སི་ཁྲོན། ཀན་སུའུ། ཧྲའན་ཞི་སོགས་ས་ཁུལ་གྱི་བོད་རིག་པའི་འབྲེལ་ཡོད་ཀྱི་དུས་དེབ་དང་སྡེ་ཚན་30ལྷག་ཙམ་གྱི་རིགས་གཅིག་མཁས་ཅན་50ལྷག་ཚོགས་འདུར་ཞུགས་པ་རེད།

01.jpg

དར་མདོ་ནི་ཇ་རྟའི་གནའ་ལམ་གྱི་གྲོང་ཁྱེར་གལ་ཆེན་དང་སྣ་མང་རིག་གནས་མཉམ་འདྲེས་ཀྱི་དཔེ་མཚོན་ཞིག་ཡིན་པའི་ངོས་ནས། གསར་བརྗེ་དྲན་ཤེས་ཟབ་མོ་ལྡན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཆགས་པ་དང་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། བོད་རིག་པའི་དུས་དེབ་གོང་འཕེལ་གཏོང་རྒྱུའི་འཆར་གཞི་ཆེན་པོ་ཐུན་མོང་ཐོག་གྲོས་བསྡུར་བྱེད་པའི་དམིགས་ཡུལ་ནི་བོད་རིག་པའི་ཞིབ་འཇུག་དང་ཁྱབ་སྤེལ་བྱ་གཞག་དེ་ཀྲུང་ཧྭ་མི་རིགས་ཁག་གི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཕུན་སུམ་ཚོགས་པར་རྩ་བ་ཚུགས་པའི་བློ་སྒོ་འབྱེད་རྒྱུའི་ཆེད་དུ་ཡིན་ལ། དུས་རབས་གསར་པའི་ནང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་ཆེད་དེ་བས་གལ་འགངས་ཆེ་བའི་འགན་འཁྲི་ཕྲག་ཏུ་འཁུར་ངེས་ཡིན་པ་རེད།

འགོ་ཚུགས་མཛད་སྒོ་དེ་རྒྱལ་ཡོངས་ཀྱི་བོད་རིག་པའི་རིག་གཞུང་དུས་དེབ་མཐུན་སྦྱོར་ཚོགས་འདུའི་ཚོགས་གཙོ་གཞོན་པ། བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་དུས་དེབ་གཙོ་སྒྲིག་པ་ལྷག་པ་ཚེ་རིང་གིས་གཙོ་སྐྱོང་གནང་བ་རེད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་བཀྲ་བློས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་དང་། སི་ཁྲོན་མི་རིགས་སློབ་གླིང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སློབ་གཙོ་མའོ་དབྱིན་དང་། དཀར་མཛེས་ཁུལ་ཏང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་དབལ་ཤུལ་ཕུན་ཚོགས་བཅས་ཀྱིས་སྔ་རྗེས་སུ་ཤིས་ཚིག་གནང་བ་རེད། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་ཏང་ཙུའུ་ཧྲུའུ་ཅི་བསོད་དོན་གྲུབ་དང་། ནན་ཅིང་སློབ་ཆེན་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གདེང་འཇོག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཡོན་ཁྲུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཡུང་ཧུང་སོགས་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོགས་འདུར་ཞུགས་ཡོད་པ་རེད།

02.jpg

བཀྲ་བློ་ཡིས་གསུང་བཤད་གནང་སྐབས། རང་རྒྱལ་གྱི་བོད་རིག་པའི་རིག་གཞུང་དུས་དེབ་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་དེ་ནི་མིག་སྔར་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་ང་ཚོའི་ལས་དོན་ཚང་མའི་ཁ་ཕྱོགས་གཙོ་བོ་ཡིན་ཞིང་།དེ་ནཇལི་ཆབ་སྲིད་ཀྱི་བླང་བྱ་ཡིན་ལ། རིག་གཞུང་གི་ལས་འགན་ཡང་ཡིན། བོད་རིག་པ་ཞིབ་འཇུག་དེ་ངེས་པར་དུ་རྒྱལ་ཁབ་ཀྱི་གོང་འཕེལ་དང་མཉམ་དུ་སྤེལ་དགོས་པ་དང་།  མི་དམངས་ཀྱི་དགོས་མཁོ་དང་འབྲེལ་བ་དམ་ཟབ་བྱེད་དགོས་ཞེས་གསུང་པ་དང་། ཁོང་གིས་བོད་རིག་པའི་རིག་གཞུང་དུས་དེབ་ལས་རིགས་ཀྱིས་རང་རྟོགས་ངང་རང་ངོས་འཕེལ་རྒྱས་དེ་ཏང་དང་རྒྱལ་ཁབ་གོང་འཕེལ་གྱི་ཁྱོན་ཡོངས་སུ་འདྲེས་ནས་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུའི་ཐད་བསམ་འཆར་གསུམ་བཏོན་པ་སྟེ། སྲིད་དོན་བློ་འདོན་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་དང་། གླེང་ཕྱོགས་ཁྲིད་སྟོན་གྱི་ནུས་པ་ཆེ་རུ་གཏོང་རྒྱུ། རིག་གནས་རྒྱུན་འཛིན་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་ཡིན། དེ་དང་ཆབས་ཅིག་ནང་སྐྱེས་སྒུལ་ཤུགས་ལ་དམིགས་ཏེ་ཇི་ལྟར་བྱས་ནས་དྲང་སྲུང་གསར་གཏོད་བྱ་དགོས་པ་དང་། སྤུས་མཐོའི་གོང་འཕེལ་དོན་གཉེར་ཐད་སྤུས་ཚད་གནད་འགག་དམ་འཛིན་དང་ཚད་གཞི་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་སོགས་ཀྱི་ཐད་བླང་བྱ་ཞིབ་ཕྲ་བཏོན་གནང་ཡོད།

མའོ་དབྱིན་གྱིས་ཚོགས་ཞུགས་རིགས་གཅིག་མཁས་ཅན་ལ་དགའ་བསུ་ཞུས་པ་མ་ཟད། སི་ཁྲོན་མི་རིགས་སློབ་གླིང་གི་སློབ་གཉེར་འདུ་ཤེས་དང་སློབ་གསོའི་གྲུབ་འབྲས། གཙོ་གནད་ཐོག་བོད་རིག་པ་ཞིབ་འཇུག་ཁྱབ་ཁོངས་ཀྱི་འབྲེལ་ཡོད་གྲུབ་འབྲས་ངོ་སྤྲོད་གནང་བ་དང་། ཁོང་གིས་རྒྱལ་ཡོངས་ཀྱི་བོད་རིག་པའི་རིག་གཞུང་དུས་དེབ་མཐུན་སྦྱོར་ཚོགས་འདུའི་སྐབས་རིམ་བྱུང་གིས་བོད་རིག་པའི་རིག་གཞུང་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། བོད་རིག་པའི་རིག་གཞུང་དུས་དེབ་འཛུགས་སྐྱོང་ཚད་ལྡན། དེ་བཞིན་བོད་འབྲེལ་བའི་ས་ཁུལ་གྱི་རིག་གནས་སྤེལ་རེས་སོགས་ཀྱི་ཐད་སྐུལ་འདེད་ནུས་པ་འདོན་སྤེལ་བྱས་པར་ཚད་མཐོའི་བསྔགས་བརྗོད་གནང་བ་མ་ཟད། ཐེངས་འདིའི་ཚོགས་འདུ་གོ་སྐབས་སུ་བརྩིས་ནས་རྒྱལ་ཡོངས་ཀྱི་བོད་འབྲེལ་དུས་དེབ་དང་ཞིབ་འཇུག་ལས་ཁུངས་དང་མཉམ་ལས་གཏིང་ཟབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བོད་རིག་པ་ཞིབ་འཇུག་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་བོད་འབྲེལ་ལས་དོན་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་ཆེད་“མི་རིགས་སློབ་གླིང་གི་སྟོབས་ཤུགས་”དེ་བས་མང་བ་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

དབལ་ཤུལ་ཕུན་ཚོགས་ཀྱིས་དཀར་མཛེས་ཁུལ་གྱིས་ཉེ་བའི་ལོ་ཤས་རིང་“རིག་གནས་སྟོབས་ཆེན་ཁུལ་”གྱི་འཐབ་ཇུས་དམིགས་ཚད་གཏན་འཁེལ་བྱས་ནས་རིག་གནས་འཛུགས་སྐྱོང་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འབྲེལ་བོད་རིག་པ་ཞིབ་འཇུག་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ། སྲོལ་རྒྱུན་གྲོང་ཚོ་བེད་སྤྱོད་སོགས་ཁྱབ་ཁོངས་སུ་ཐོབ་པའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་ངོ་སྤྲོད་གནང་བ་རེད། ཁོང་གིས་དཀར་མཛེས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གྲོས་འགོ་གསུམ་བཏོན་པ་སྟེ།  གཅིག་ནི“ས་གནས་ཅན”གྱི་ཞིབ་འཇུག་མཐོ་ས་ཐུན་མོང་དུ་འཛུགས་རྒྱུ་དང་། གཉིས་ནི“རང་ཡུལ་ཅན”གྱི་འགྲེམས་སྟོན་སྟེགས་བུ་ཐུན་མོང་ཐོག་འཛུགས་རྒྱུ། གསུམ་ནི“གྲུབ་འབྲས་ཅན”བསྒྱུར་བའི་ལག་ལེན་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་བཅས་རེད། ད་ཐེངས་ཀྱི་ཚོགས་འདུ་གོ་སྐབས་སུ་བརྩིས་ནས་དཀར་མཛེས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

རིགས་གཅིག་མཁས་ཅན་གྱི་འཆད་ཁྲིད་གནང་སྐབས། ཀྲུང་དབྱང་མི་རིགས་སློབ་ཆེན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་སུའུ་ཧྥ་ཞང་དང་། བོད་རང་སྐྱོང་ལྗོངས་དཔེ་སྐྲུན་དངོས་པོ་སྤུས་ཚད་ཞིབ་དཔྱད་གསལ་འབྱེད་ལྟེ་གནས་ཀྱི་ཀྲུའུ་རེན་ཉི་མ།  《ཐུང་ཅི་སློབ་ཆེན་གྱི་དུས་དེབ་(རང་བྱུང་ཚན་རིག་པར་གཞི)》ཀྱི་རྒྱུན་ལས་གཙོ་སྒྲིག་གཞོན་པ་ཀྲའོ་ཧུའེ་ཞང་།  བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་འབའ་སྒོར་བཅས་ཀྱིས་ཁག་སོ་སོར་“AIདུས་རབས་སུ་རིག་གཞུང་དུས་དེབ་ལ་འཕྲད་པའི་འགྲན་སློང་དང་གོ་སྐབས་”“དུས་རབས་གསར་པའི་བོད་འབྲེལ་དུས་དེབ་ཀྱི་འགན་འཁྲི་དང་འགན་འཁུར། སྤུས་མཐོའི་གོང་འཕེལ་གྱི་ཇུས་གཞི” “དུས་དེབ་རྩོམ་སྒྲིག་གི་རྩ་དོན་དང་གྱོད་དཔེ་དབྱེ་ཞིབ” “དར་རྒྱས་དང་ཐོད་བརྒལ། ལོ་ངོ་60རིང་བོད་ལྗོངས་ཀྱི་དེང་རབས་སློབ་གསོའི་གོང་འཕེལ་གྱི་གྲུབ་འབྲས་ཕྱོགས་བསྡུས་གླེང་བ”སོགས་ཀྱི་ནང་དོན་འཆད་ཁྲིད་གནང་བ་རེད།

ཚོགས་འདུའི་རིང་། ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་ད་དུང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རིང་། རང་རྒྱལ་གྱི་བོད་རིག་པའི་བྱ་གཞག་གོང་འཕེལ་འགྲོ་བའི་བརྒྱུད་རིམ་དང་གྲུབ་འབྲས་གཙོ་བོ་དང་། དུས་རབས་གསར་པའི་རང་རྒྱལ་གྱི་བོད་རིག་པའི་རིག་གཞུང་དུས་དེབ་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ནུས་པ་འཛུགས་སྐྱོང་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ། རང་རྒྱལ་གྱི་བོད་རིག་པའི་རིག་གཞུང་དུས་དེབ་ཀྱི་རིག་གཞུང་སྤུས་ཚད་མཐོར་འདེགས་གཏོང་བའི་ཐབས་ལམ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གསར་གཏོད་ལག་ལེན། བོད་ཡིག་རིག་གཞུང་དུས་དེབ་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་མ་ལག་འཛུགས་སྐྱོང་སོགས་གྲོས་གཞི་ལ་དམིགས་ནས་གཅིག་སྡུད་གྲོས་བསྡུར་བྱས་ཏེ། དུས་རབས་གསར་པའི་བོད་རིག་པའི་རིག་གཞུང་དུས་དེབ་ལས་རིགས་ཀྱིས་རིག་གནས་ཀྱི་ལས་འགན་དང་རིག་གཞུང་འགན་འཁྲི་རང་རྟོགས་ངང་ཕྲག་ཏུ་འཁུར་བ་གང་ལེགས་མངོན་ཡོད་པ་རེད།


མཉམ་སྤྱོད།