དེ་རིང་ནི2025ལོའི་ཟླ10པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཏེར་ལེན་ཁ་རུ་ལོ916ལ་སླེབས་པའི་ཤུག་སྡོང་ཞིག་རྙེད་འདུག

2025-10-29 16:31:05   |   78

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགོད་པས་ཚེས24ཉིན་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གཏེར་ལེན་ཁ་གྲོང་ཁྱེར་ཤུག་སྡོང་རི་བོའི་ས་ཁུལ་དུ་ལོ916ལ་སླེབས་པའི་ཤུག་སྡོང་ཆེན་པོ་ཞིག་རྙེད་ཡོད་པ་རེད།

ཉིན་དེར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུ་ལ་ཁ་པར་གྱི་ལམ་ནས་བཅར་འདྲི་བྱས་ཏེ་གོང་གསལ་གྱི་ཆ་འཕྲིན་ཤེས་རྟོགས་བྱུང་བ་རེད། ནགས་ལས་དང་རྩྭ་ཐང་ཅུ་དེས་དེའི་གོང་ཤུག་སྡོང་རི་བོའི་ས་ཁུལ་གྱི་མདོ་ལའི་རྒྱ་ཤུག་དང་གནའ་བོའི་ཤུག་སྡོང་ཁྱུ་ཚོགས་ལ་ཆེད་དོན་ཚན་རིག་བརྟག་དཔྱད་ལས་དོན་སྤེལ་ཏེ། དེ་གའི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཡོད།

777.png

མདོ་ལའི་རྒྱ་ཤུག་ནི་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་ཤིང་སྣའི་གྲས་ཤིག་ཡིན་པ་དང་། མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་ཀྱི་མཐོ་གྲང་རི་ཁུལ་དུ་གཅིག་སྡུད་ངང་ཁྱབ་ཡོད་ཅིང་། མཚོ་སྔོན་གྱི་ཤར་རྒྱུད(ལྟེ་གནས་ས་ཁོངས)དང་། ཀན་སུའུ་ཡི་ལྷོ་རྒྱུད།(འབྲུག་དཀར་གཙང་པོ་དང་མིན་ཅང་གཙང་པོའི་སྟོད་རྒྱུད)རྨ་ནུབ་དོག་ལམ་བར་ཁྱམས་བཅས་སུ་ཁྱབ་ཡོད། དེ་ནི་ས་གནས་དེ་གའི་མཐོ་གྲང་ལོ་མ་ཕྲ་རིགས་ནགས་ཚལ་གྱི་སྣ་རིགས་གལ་ཆེན་ཞིག་ཡིན།

ད་ཐེངས་ཀྱི་བརྟག་དཔྱད་དེ་ལོ་ངོ་སྟོང་གི་གནའ་བོའི་ཤུག་སྡོང་གླིང་དང་ཕྱུགས་སྐྱིལ་ཡུལ་ཚོ་ཨ་ཙི་ཀོའུ་གཙོ་གནད་ས་ཁོངས་ཆེན་པོ་གཉིས་ལ་དམིགས་ཏེ། ཕྱིའི་ཡུལ་དངོས་རྩད་ཞིབ་དང་ནང་གི་མ་དཔེ་དབྱེ་ཞིབ་གཉིས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་ཡོད། གནའ་བོའི་ཤུག་སྡོང་གླིང་གི་ས་ཁོངས་སུ་ལག་རྩལ་མི་སྣས་ཤིང་སྡོང་རེ་རེ་བཞིན་ཞིབ་དཔྱད་ཞིབ་ཕྲ་བྱས་ནས་གནའ་བོའི་ཤུག་སྡོང710ཟིན་ཐོར་བཀོད་པ་མ་ཟད། ཤུག་སྡོང་རེ་རེའི་མཐོ་ཚད་དང་ཞེང་ཚད། སྡོང་མགོའི་ཆེ་ཆུང་། ས་ཁམས་གནས་ཚད་སོགས་འགག་རྩའི་ཆ་འཕྲིན་ལ་ཕྱོགས་ཡོངས་ནས་ཚད་འཇལ་གཏན་འཁེལ་དང་ཐོ་འགོད་བྱས་ཏེ། དུས་མཉམ་དུ་ཤུག་སྡོང་གི་གནས་ཡུལ་ཁྱབ་ཚུལ་རི་མོར་བྲིས་ཏེ“སྡོང་རྐང་གཅིག་ལ་བྱང་བུ་གཅིག”གི་གནད་ལ་འཁེལ་བའི་དོ་དམ་བྱེད་སྟངས་ཐོག་མའི་ཆ་ནས་མངོན་འགྱུར་བྱུང་ཡོད།

གཏེར་ལེན་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུའི་མགོ་འཛིན་སུན་ཏེང་ཧྥུས། འཚོལ་བསྡུ་བྱས་པའི་ཤིང་སྡོང་དང་དེ་བཞིན་ཤིང་གི་མ་དཔེ87ལ་ཚན་རིག་དང་མཐུན་པའི་གསལ་འབྱེད་དབྱེ་ཞིབ་བྱས་པ་བརྒྱུད། བརྟག་དཔྱད་ཚོགས་པས་གནའ་བོའི་ཤུག་སྡོང་ཁྱུ་ཚོགས་ཀྱི་ལོ་ཚོད་གྲུབ་ཆ་ཁོང་དུ་གསལ་པོ་ཆུད་ཡོད་ཅེས་བརྗོད་པ་རེད། གྲངས་གཞི་ལས་མངོན་པར། ལོ500དང་དེའི་ཡན་གྱི(རིམ་པ་དང་པོའི་སྲུང་སྐྱོང་)ཤུག་སྡོང་གིས་སྡོམ་འབོར་གྱི2.3%བཟུང་ཡོད།

ལོ300ནས499བར(རིམ་པ་གཉིས་པའི་སྲུང་སྐྱོང་)གྱིས13.8%ཟིན། ལོ100ནས299བར(རིམ་པ་གསུམ་པའི་སྲུང་སྐྱོང་)གྱིས་བཟུང་བའི་བསྡུར་ཚད་མཐོ་ཤོས་ཡིན་པ་སྟེ། 83.9%ཟིན་ཡོད། དེའི་ཁྲོད་གནའ་བོའི་ཤུག་སྡོང་གླིང་ནང་གི་ཤུག་སྡོང་ལོ་ཆེ་ཤོས་ནི་ལོ769ཡིན་པ་དང་། ཨ་ཙི་ཀོའུ་ས་ཁོངས་སུ་མིག་སྔར་ཤེས་རྟོགས་བྱུང་བའི་ཤུག་སྡོང་ལོ་ཆེ་ཤོས་དེ་ལོ916ཟིན་ཡོད་པ་རེད།


མཉམ་སྤྱོད།