དེ་རིང་ནི2025ལོའི་ཟླ10པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོ་མི་དམངས་དངུལ་ཁང་གིས་ཀྲུང་གོའི་གློག་བརྙན་དབུ་བརྙེས་ནས་ལོ120འཁོར་བའི་དྲན་རྟེན་གསེར་དངུལ་གྱི་དངུལ་ལོར་འགྲེམས་སྤེལ་བྱ་རྒྱུ་རེད།

2025-10-30 09:37:58   |   47

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  ཞིན་ཧྭ་དྲ་བ།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཀྲུང་གོ་མི་དམངས་དངུལ་ཁང་གིས2025ལོའི་ཟླ11པའི་ཚེས11ཉིན་ཀྲུང་གོའི་གློག་བརྙན་དབུ་བརྙེས་ནས་ལོ120འཁོར་བའི་གསེར་དངུལ་གྱི་དངུལ་ལོར་ཆ་ཚང་ཞིག་འགྲེམས་སྤེལ་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། གསེར་དངུལ་གྱི་དྲན་རྟེན་དངུལ་སྒོར3ཡོད་པའི་ནང་གསེར་གྱི་དྲན་རྟེན་དངུལ་སྒོར2དང་། དངུལ་གྱི་དྲན་རྟེན་དངུལ་སྒོར1བཅས་ཡོད་པ་དང་། ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་བཀོད་དངུལ་ལོར་ཡིན།

གསེར་དངུལ་གྱི་དྲན་རྟེན་སྒོར་མོའི་མདུན་ངོས་ཀྱི་རི་མོ་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་ཡིན་པ་མ་ཟད། རྒྱལ་མིང་དང་ལོ་རྟགས་ཀྱང་བཀོད་ཡོད་པ་རེད།

01.jpg

ཁེ150ཅན་གྱི་གསེར་རྒྱུའི་དྲན་གསོའི་སྒོར་མོའི་རྒྱབ་ངོས་ཀྱི་རི་མོ་དེ་སྤྱིན་ཤོག་དང་། རི་བོ། གྲངས་གཞིའི་ཤེལ་ཕྲན་དང་དེ་བཞིན་སྨྱན་སྦྱོར་གཏོང་ཆས་ཀྱི་མཚོན་རྟགས། གྲངས་གཞི“120”སོགས་གཞི་རྒྱུ་སྡེབ་སྒྲིག་ཇུས་འགོད་བྱས་ནས་གྲུབ་པ་དང་འབྲེལ“ཀྲུང་གོའི་གློག་བརྙན་དབུ་བརྙེས་ནས་ལོ་ངོ་བརྒྱ་དང་ཉི་ཤུ་འཁོར་བའི”རྒྱ་ཡིག་གི་ཡི་གེ་དང་། “The 120th Anniversary of BirthChinese Cinema”ཞེས་པའི་དབྱིན་ཡིག་གི་ཡི་གེ  དེ་བཞིན་དངུལ་གྲངས་བཀོད་ཡོད།

02.jpg

ཁེ3ཅན་གྱི་གསེར་རྒྱུའི་སྒོར་དབྱིབས་ཀྱི་དྲན་གསོའི་སྒོར་མོའི་རྒྱབ་ངོས་ཀྱི་རི་མོ་དེ་སྤྱིན་ཤོག་སྟོན་པའི་སྡེར་མའི་མཛེས་རྒྱན་གྱི་བཟོ་དབྱིབས་དང་ཨང་ཀི“120”སོགས་གཞི་རྒྱུ་སྡེབ་སྒྲིག་བྱས་ནས་ཇུས་འགོད་བྱས་པ་དང་འབྲེལ“ཀྲུང་གོའི་གློག་བརྙན་དབུ་བརྙེས་ནས་ལོ་ངོ་བརྒྱ་དང་ཉི་ཤུ་འཁོར་བའི”རྒྱ་ཡིག་གི་ཡི་གེ་དང“The 120th Anniversary of the Birth of Chinese Cinema”ཞེས་པའི་དབྱིན་ཡིག་གི་ཡི་གེ   དེ་བཞིན་དངུལ་གྲངས་བཀོད་ཡོད།

03.jpg

ཁེ30ཅན་གྱི་དངུལ་རྒྱུའི་སྒོར་དབྱིབས་དྲན་གསོའི་སྒོར་མོའི་རྒྱབ་ངོས་ཀྱི་རི་མོ་དེ་གློག་བརྙན་སྟོན་བྱེད་འཕྲུལ་འཁོར་གྱི་མཛེས་རྒྱན་བཟོ་དབྱིབས་དང་། འོད་ཆུན། ཨང་ཀི“120”སོགས་གཞི་རྒྱུ་སྡེབ་སྒྲིག་བྱས་ནས་ཇུས་འགོད་བྱས་པ་དང་འབྲེལ། “ཀྲུང་གོའི་གློག་བརྙན་དབུ་བརྙེས་ནས་ལོ་ངོ་བརྒྱ་དང་ཉི་ཤུ་འཁོར་བའི”རྒྱ་ཡིག་གི་ཡི་གེ་དང་། “The 120th Anniversary of Birth of Chinese Cinema”ཞེས་པའི་དབྱིན་ཡིག་གི་ཡི་གེ  དེ་བཞིན་དངུལ་གྲངས་བཀོད་ཡོད།

གསེར་དངུལ་གྱི་དྲན་རྟེན་དངུལ་སྒོར་དེ་ཀྲུང་གོ་གསེར་སྒོར་ཚོགས་པ་ཚད་ཡོད་ཀུང་སིས་བརྒྱུད་འཚོང་བྱེད་པ་དང་། ཕྱིར་ཚོང་བྱེད་ཐབས་དེ་ཀྲུང་གོའི་གསེར་སྒོར་དྲ་བའིwww.chngc.net/qdཐོག་གསལ་པོར་བཀོད་ཡོད།


མཉམ་སྤྱོད།