དེ་རིང་ནི2025ལོའི་ཟླ11པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དྲ་རྒྱའི་ཐད་གཏོང་གི་གནད་དོན་འདི་དག་ལ་རྡུང་རྡེག་གཏོང་རྒྱུ་རེད།

2025-10-31 14:48:12   |   320

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཚེས28ཉིན། གསར་འགོད་པས་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། དྲ་རྒྱའི་ཐད་གཏོང་བྱ་དགའ་སྤྲོད་པར་དོ་དམ་ལ་སྔར་བས་ཤུགས་སྣོན་ཆེད། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་རྒྱལ་ཡོངས་ཁྱབ་ཁོངས་སུ་དུས་ཡུན་ཟླ2ཀྱི“དྭངས་གསལ·དྲ་རྒྱའི་ཐད་གཏོང་བྱ་དགའ་སྤྲོད་པའི་སྣང་ཚུལ་རྙོག་འཁྲུལ་བཅོས་སྐྱོང”ཆེད་དོན་འགུལ་སྐྱོད་སྤེལ་ནས། རོལ་རྩེད་རང་བཞིན་གྱི་ཚོགས་པའི་ཐད་གཏོང་དང་སྒེར་གྱི་ཐད་གཏོང་སོགས་ཐད་གཏོང་ལ་བྱ་དགའ་སྤྲོད་པའི་སྣང་ཚུལ་རྙོག་འཁྲུལ་འབྱུང་སླ་བའི་ཁྱབ་ཁོངས་གཙོ་བོར་དམིགས་ནས། ཕྱོགས་བཞིའི་ཐད་ཀྱི་གནད་དོན་འབུར་ཐོན་ལ་རྡུང་རྡེག་ནན་མོ་གཏོང་བ་དང་། ཐད་གཏོང་བྱ་དགའ་སྤྲོད་པའི་ཁེ་སྤོགས་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐད་གཏོང་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་རེད།

ཕྱོགས་བཞིའི་ཐད་ཀྱི་གནད་དོན་འབུར་ཐོན་ནི། ཐ་ཤལ་གྱི་ཚོགས་པའི་ཐད་གཏོང་གིས་བྱ་དགའ་སྤྲོད་པར་བསླུ་བྲིད་དང་། ཐོབ་ཐང་རྫུན་མར་བརྟེན་ནས་བྱ་དགའ་སྤྲོད་པར་བསླུ་བྲིད། ནར་མ་སོན་མཁན་ལ་བྱ་དགའ་སྤྲོད་པར་བསླུ་བྲིད། སྤྱོད་མཁན་ལ་ཚུལ་མིན་བྱ་དགའ་སྤྲོད་པར་སྐུལ་སློང་བཅས་རེད། དེའི་ནང་། ཐོབ་ཐང་རྫུན་མར་བརྟེན་བྱ་དགའ་སྤྲོད་པར་བསླུ་བྲིད་བྱེད་པའི་ཐད། གཙོ་གནད་ཐོག“དབུལ་ཕོངས་དུད་ཚང”དང“རྒྱལ་པོའི་བཙུན་མོ” “ཕྱི་རྒྱལ་ནས་ཕྱིར་ལོག་པའི་ཕུལ་བྱུང་མི་སྣ”སོགས་ཐོབ་ཐང་རྫུན་མ་བཟོ་བ་དང་། དམག་མི་དང་། དགེ་རྒན། སྨན་པ་སོགས་ཀྱི་ཐོབ་ཐང་རྫུན་མ་བཟོས་ཏེ། “ཁྱིམ་ཚང་སྟབས་མ་ལེགས་པ”དང“གཏུམ་སྤྱོད་བཙན་ཤེད”སོགས་འཁྲབ་གཞུང་རྫུན་མ་སྒྲིག་འགོད་བྱེད་པའམ་ཡང་ནAIལག་རྩལ་སྤྱད་དེ་ནང་དོན་རྫུན་མ་བཟོས་ནས་སྤྱོད་མཁན་ལ་མགོ་སྐོར་བཏང་ནས་བྱ་དགའ་སྤྲོད་དུ་བཅུག་པ་སོགས་རེད། ནར་མ་སོན་མཁན་ལ་བྱ་དགའ་སྤྲོད་པར་འཇམ་ཁྲིད་བྱེད་པའི་ཐད། ནར་མ་སོན་མཁན་གྱི་ཁྱིམ་བདག་གི་ཐོབ་ཐང་ཆ་འཕྲིན་རྐུ་སྤྱོད་བྱེད་པར་བསླུ་བྲིད་བྱེད་པ་དང་། སྟེགས་བུའི་ལྟ་སྐུལ་དོ་དམ་ལས་གཡོལ་ནས་བྱ་དགའ་སྤྲོད་རྒྱུ་གཙོ་གནད་དུ་བཅོས་སྒྲིག་དང་། སྤྱོད་མཁན་ནི་ནར་མ་སོན་མཁན་ཡིན་པ་གསལ་པོར་ཤེས་ཀྱང་སྔར་བཞིན་བཀག་འགོག་མི་བྱེད་པ་དང་ཐ་ན་བྱ་དགའ་སྤྲོད་རྒྱུར་འཇམ་ཁྲིད་བྱེད་པ་སོགས་ཚུད་ཡོད།

ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་བླང་བྱ་བཏོན་དོན། ས་གནས་ཁག་གི་དྲ་འཕྲིན་སྡེ་ཁག་གིས་གནད་དོན་གྱི་ཕྱོགས་སྟོན་དང་ཕན་འབྲས་ཀྱི་ཕྱོགས་སྟོན་རྒྱུན་འཁྱོངས་བྱས་ནས། བཅོས་སྐྱོང་གི་གཙོ་གནད་དམ་འཛིན་བྱེད་པ་དང་། ལྡོག་ཕྱོགས་ཀྱི་དཔེ་མཚོན་ཁག་གཅིག་སྔོག་འདོན་དང་རྡུང་རྡེག་ནན་མོ་བྱེད་པ་དང་འབྲེལ་ཡོངས་བསྒྲགས་ངང་སྤྱི་ཚོགས་ལ་གསལ་སྟོན་བྱས་ཏེ། ཐད་གཏོང་སྟེགས་བུ་དང་དྲ་རྒྱའི་གཙོ་སྐྱོང་གི་ལྟ་སྐུལ་དོ་དམ་ལ་མུ་མཐུད་ཤུགས་བསྣན་ནས་ཐད་གཏོང་སྟེགས་བུ་དང་། དྲ་རྒྱའི་གཙོ་སྐྱོང་། MCNསྒྲིག་གཞི་སོགས་བྱེད་པོའི་འགན་འཁྲི་དམ་འཛིན་ཏན་ཏིག་བྱས་ནས། དྲ་རྒྱའི་ཐད་གཏོང་བྱ་དགའ་སྤྲོད་པའི་གནད་དོན་རྒྱུན་ལྡན་ཅན་དང་ཡུན་རིང་ཕན་ནུས་ལྡན་པའི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་དགོས།


མཉམ་སྤྱོད།