དེ་རིང་ནི2025ལོའི་ཟླ11པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་སོགས་རྒྱལ་ཁབ་ལ་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་དེ་སང་ལོའི་ཟླ12པའི་ཚེས31ཉིན་བར་རིང་དུ་གཏོང་རྒྱུའི་གཏན་འབེབས་བྱས་པ།

2025-11-03 16:22:45   |   49

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   ཀྲུང་གོ་གསར་འགྱུར་དྲ་བ།    བཤེར་འབེབས།    རིན་ཆེན་ཚེ་རིང་། 


ཀྲུང་གོ་གསར་འགྱུར་དྲ་བ་པེ་ཅིང་ནས་ཟླ11པའི་ཚེས3ཉིན་འབྱོར་བའི་གློག་འཕྲིན། ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་ཚེས3ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུར་གཙོ་སྐྱོང་གནང་།

གསར་འགོད་པ་ཞིག་གིས་ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ལ་ཕྱོགས་རྐྱང་པས་རྒྱལ་མཆན་འགོད་མི་དགོས་པའི་སྲིད་ཇུས་ད་ལོའི་ལོ་མཇུག་ཏུ་དུས་བཅད་ཐོན་ཡོད།  སྲིད་ཇུས་དེ་དུས་འགྱངས་བྱེད་སྲིད་དམ་ཞེས་དྲི་བ་བཏོན།

མའོ་ཉིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་འགྲོ་འོང་ལ་རྒྱུན་མཐུད་སྟབས་བདེ་བསྐྲུན་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་སོགས་རྒྱལ་ཁབ་ལ་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས2026ལོའི་ཟླ12པའི་ཚེས31ཉིན་བར་རིང་དུ་གཏོང་རྒྱུའི་གཏན་འབེབས་བྱས་ཡོད། གཞན་ཡང་ཀྲུང་གོ་ཕྱོགས་ཀྱིས2025ལོའི་ཟླ11པའི་ཚེས10ཉིན་ནས2026ལོའི་ཟླ12པའི་ཚེས31ཉིན་བར་སུའེ་ཏེན་ལ་ཐོངས་མཆན་འགོད་མི་དགོས་པ་བྱ་རྒྱུ་རེད། ཞིབ་ཕྲའི་ཆ་འཕྲིན་དེ་་ཕྱི་འབྲེལ་པུའི་གཞུང་ཚབ་སི་དང་ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལ་དོ་ཁུར་གནང་རོགས་ཞེས་བཤད་པ་རེད། 


མཉམ་སྤྱོད།