དེ་རིང་ནི2025ལོའི་ཟླ11པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་ཀྱི་ཡིག་རྙིང་ལ་སྲུང་སྐྱོབ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བསྐྱེད་པའི་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།

2025-11-11 10:00:18   |   30

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


བོད་ཀྱི་ཡིག་རྙིང་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ཁྲོད་ན་འོད་དུ་འཚེར་བའི་མུ་ཏིག་རྡོག་པོ་ཞིག་ཡིན་ལ། དེ་ཡིས་ལོ་ངོ་སྟོང་གི་ལོ་རྒྱུས་ཀྱི་དྲན་ཤེས་དང་ཤེས་རབ་ཀྱི་ཉིང་བཅུད། མི་རིགས་ཀྱི་བརྩེ་བ་བཅས་བཏེགས་ཡོད་ཅིང་། དེ་ནི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་ཀྱི་དཔང་པོ་གལ་ཆེན་ཞིག་ཡིན་པར་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བསྐྱེད་པའི་རྩ་ཆེའི་རིག་གནས་ཀྱི་ཐེག་གཟུགས་ཤིག་དེ་བས་ཀྱང་ཡིན།

1.jpg

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ཤུལ་བཞག་སྲུང་སྐྱོབ་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་དང་ལེན་ཧུར་ཐག་བྱས་ནས། བོད་ཀྱི་ཡིག་རྙིང་ཚན་རིག་དང་མཐུན་པར་སྲུང་སྐྱོབ་དང་ལེགས་སྒྲིག ཞིབ་འཇུག་དང་བེད་སྤྱོད་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། བོད་ཀྱི་ཡིག་རྙིང་གིས་མི་རིགས་རིག་གནས་ཀྱི་ཐུན་མོང་ངོས་འཛིན་ཇེ་དྲག་ཏུ་གཏོང་བ། མི་རིགས་ཀྱི་བསམ་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བསྐྱེད་པར་རོགས་འདེགས་བྱེད་པ་བཅས་ཀྱི་ཐད་དུ་ཐུན་མིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། 2025ལོའི་ཟླ11པའི་ཚེས8ཉིན། མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པས་གཙོ་འགན་ཁུར་ནས། ཚན་རིག་དང་མཐུན་པར་བོད་ཀྱི་ཡིག་རྙིང་སྲུང་སྐྱོབ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བསྐྱེད་ཅེས་པའི་བགྲོ་གླེང་གླེང་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བསྡུས།

2.jpg

ཐེངས་འདིའི་བགྲོ་གླེང་གིས་བོད་ཀྱི་ཡིག་རྙིང་སྲུང་སྐྱོབ་དང་ཞིབ་འཇུག་བརྗོད་གཞིར་བཟུང་ནས། ཆུ་ཚད་མཐོ་བའི་རིག་གཞུང་བརྗེ་རེས་ཀྱི་སྟེགས་བུ་བསྐྲུན་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭ་ཆེན་མོ་དང་། རིག་གཞུང་ཞིབ་འཇུག་སྡེ་ཁག བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་། ཁུལ་རིམ་པའི་བོད་ཡིག་གནའ་དཔེའི་གཞུང་སྒྲུབ་ཁང་སོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་། བོད་ཡིག་ཡིག་རྙིང་སྲུང་སྐྱོབ་ཀྱི་ལས་དོན་པ་སོགས་གནས་གཅིག་ཏུ་འཛོམས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་ཟུར་པའམ་དགེ་རྒན་ཆེན་མོ་ཤེར་འཚོ་ཡིས་མཚོ་སྔོན་ལོ་ཏུའུ་ས་ཆའི་གྲོ་ཚང་རྡོ་རྗེ་འཆང་གི་བོད་ཀྱི་ཡིག་རྙིང་དག་སྒྲིག་དཔེ་གཞིར་བཟུང་ནས། བོད་ཀྱི་ཡིག་རྙིང་མྱུར་སྐྱོབ་དང་དག་སྒྲིག སྲུང་སྐྱོབ་དང་རྒྱུན་འཛིན་བཅས་ཀྱི་དོན་སྙིང་གལ་ཆེན་སྐོར་ནས་གཏམ་བཤད་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་གླིང་གཙོ་མཁའ་འགྲོ་སྐྱབས་ཀྱིས་བོད་ཀྱི་གསོ་བ་རིག་པའི་གནའ་དཔེའི་སྤྱིའི་འབོར་གྲངས་དང་ད་ལྟའི་ཞིབ་འཇུག་གནས་བབ་ཐད་ནས་གཏམ་བཤད་སྤེལ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པའམ་རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཁྲི་ཤར་བསོད་ནམས་ཚེ་རིང་གིས་རྒྱལ་ཁབ་ཕྱི་ནང་གི་བོད་ཡིག་ཡིག་ཚང་གྲངས་འཛིན་ཅན་དུ་བསྒྱུར་བའི་སྐོར་གྱི་གནས་བབ་དང་བསམ་གཞིག་ཅེས་པ་བརྗོད་གཞིར་བཟུང་ནས་གཏམ་བཤད་སྤེལ། མཚོ་སྔོན་མི་རིགས་སློབ་ཆེན་དཔེ་མཛོད་ཁང་གི་མགོ་གཙོའམ་དགེ་རྒན་ཆེན་མོ་ན་ཁྲེང་དབྱིན་གྱིས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སྐད་རིགས་སྣ་མང་གི་གནའ་དཔེའི་ཚད་ལྡན་ཡིག་ཆ་རྒྱུན་འཛིན་ལག་ལེན་དང་རིག་གཞུང་རིན་ཐང་བརྗེ་སྒྱུར་ཐད་ནས་གཏམ་བཤད་སྤེལ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པ་སློབ་གླིང་གི་གླིང་གཙོ་གཞོན་པའམ་དགེ་རྒན་ཆེན་མོ་ཚེ་རིང་དོན་གྲུབ་ཀྱིས་བོད་ཀྱི་གནའ་རབས་ཡིག་ཚང་ལས་ཡང་འཇུག་ད་དྲག་གི་ཕྲད་སྦྱོར་ཚུལ་ཐད་ཀྱི་དཔྱད་པ་ཞེས་པའི་གཏམ་བཤད་སྤེལ། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་དུང་དཀར་ཚེ་དབང་རྡོ་རྗེ་ཡིས་རྒྱལ་རབས་གསལ་བའི་མེ་ལོང་གི་པར་གཞི་ལ་དཔྱད་པ་ཞེས་པ་བརྗོད་གཞིར་བཟུང་ནས་གཏམ་བཤད་སྤེལ། མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་དཔའ་རིས་བསོད་ནམས་ཚེ་རིང་གིས་བོད་ཡིག་གནའ་དཔེ་ཡི་མིང་འདོགས་ཚུལ་སྐོར་ནས་གཏམ་བཤད་སྤེལ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་དཀར་ཚེ་དཔལ་སྟོབས་ལྡན་གྱིས་བོད་ཀྱི་གདན་རབས་ཡིག་ཚང་དག་སྒྲིག་གནང་བའི་ཐད་ཀྱི་མྱོང་སྣང་ཕྲན་དཔྱད་ཅེས་པ་བརྗོད་དོན་དུ་བཟུང་ནས་གཏམ་བཤད་སྤེལ་ཏེ་སོ་སོའི་ཞིབ་འཇུག་གི་གྲུབ་འབྲས་བརྗེ་རེས་དང་མཉམ་སྤྱོད་བྱས་ཏེ། བོད་ཀྱི་ཡིག་རྙིང་སྲུང་སྐྱོབ་བྱ་གཞག་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བསྐྱེད་པར་བློ་གྲོས་སྐྱེས་སུ་ཕུལ་བས་རིག་གཞུང་བགྲོ་གླེང་འཁྲུག་ཆ་དོད་པོ་བྱུང་།

3.jpg

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་དཀར་ཚེ་དཔལ་སྟོབས་ལྡན་གྱིས་སྤྱི་སྡོམ་གཏམ་བཤད་ཁྲོད། བོད་ཀྱི་ཡིག་རྙིང་སྲུང་སྐྱོབ་དང་དག་སྒྲིག་གི་བྱ་བ་ནི་ང་ཚོས་མིག་སྔར་བསྒྲུབས་དང་སྒྲུབ་བཞིན་པའི་བྱ་བ་ཡིན་ལ་དེའི་ཐད་ནས་ང་ཚོས་གྲུབ་འབྲས་ཀྱང་གང་ལ་གང་འཚམས་བླངས་ཡོད་པ་དང་། མ་འོངས་པར་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ལ་སྔར་ལས་ཤུགས་བསྣན་ཏེ། དུས་བསྟུན་མདུན་བསྐྱོད་ཀྱིས་བོད་ཀྱི་ཡིག་རྙིང་གཞི་གྲངས་ཅན་དུ་བཏང་ནས་ཡིག་རྙིང་ཞིབ་འཇུག་པ་ཀུན་ལ་སྟབས་བདེ་གང་ལེགས་བསྐྲུན་རྒྱུ་ནི་ང་ཚོའི་མ་འོངས་པའི་ལས་འགན་དང་དམིགས་འབེན་ཡིན་ཞེས་བསྟན།

4.jpg 


མཉམ་སྤྱོད།