དེ་རིང་ནི2025ལོའི་ཟླ11པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རང་འགུལ་ངང་གངས་འཁྱགས་ཞུ་བའི་མྱུར་ལམ་ཞིག་བསྐྲུན་འདུག

2025-11-11 10:22:02   |   26

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ས་བབ་མཐོ་ཚད་སྨི3300ཡོད་པའི་གཅིག་སྒྲིལ་ནས་འབར་ཁམས་གྲོང་ཁྱེར་བར་གྱི་མྱུར་བགྲོད་གཞུང་ལམ་དུ་ཁངས་ཆེན་པོ་བབས་མོད།  འོན་ཀྱང་མྱུར་བགྲོད་གཞུང་ལམ་དེའི་ཐོག་ཏུ་རང་ཤུགས་ཚ་སྐྱེད་རྡོ་སྣག་སིན་བཏིངས་ཡོད་པས་ཁངས་འཕྲལ་མ་ཉིད་དུ་ཞུ་འགྲོ་ཡི་ཡོད། ལམ་བུ་འདིར་དྲོད་ཚད་ཀླད་ཀོར་མན་གྱི་ཏུའུ29ཡིན་ཡང་རང་འགུལ་ངང་ཁངས་དང་འཁྱགས་པ་ཞུ་ཐུབ་པའི་ཚན་རྩལ་སྤྱད་པར་བརྟེན། དེ་སྔོན་ཁངས་བབས་རྗེས་ཚྭ་གཏོར་ནས་ཁངས་འཁྱགས་ཞུ་ཐབས་བྱེད་པའམ་ཡང་ན་ཁངས་ཆེན་བབས་མ་ཐག་ལམ་འགོག་དགོས་པའི་ལོ་རྒྱུས་མཇུག་སྒྲིལ་ཡོད། དེ་བས་གླེང་རིན་ཡོད་པ་ཞིག་ནི་ལག་རྩལ་གསར་པ་དེར་རྫས་འགྱུར་གྱི་ལྷད་མེད་པས་མཛོད་དགེའི་འདམ་རའི་རྩྭ་ཐང་ལ་སྲུང་སྐྱོབ་ཐུབ་ཁར། ལོ་རེར་བདག་སྐྱོང་འགྲོ་གྲོན་སྒོར་ཁྲི32གྲོན་ཆུང་ཐུབ་པས་བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོང་གི་དམིགས་འབེན་ལྷན་ཅིག་ཏུ་མངོན་འགྱུར་བྱུང་ཡོད།

ae165469075ae6b317a2222132aa4baa.jpg

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་སི་ཁྲོན་ཞིང་ཆེན་གྱི་རང་ཤུགས་ཚ་སྐྱེད་མ་ལག་སྤྱད་པའི་མྱུར་བགྲོད་གཞུང་ལམ་ཐོག་མ་དེ་ཡིན་ཞིང་། ཕྱིན་ཆད་ད་དུང་མུ་མཐུད་དུ་མྱུར་བགྲོད་གཞུང་ལམ་དེའི་རང་ཤུགས་ཚ་སྐྱེད་མ་ལག་རིམ་སྤོར་ལེགས་སྒྱུར་བྱ་རྒྱུ་དང་། སྐབས་དེ་དུས་མྱུར་བགྲོད་གཞུང་ལམ་དེ་བརྒྱུད་ནས་སི་ཁྲོན་ནས་མཚོ་སྔོན་ལ་འགྲོ་བའི་འགྲུལ་པར་གནམ་གཤིས་ཀྱི་ཚོད་འཛིན་མི་ཐེབས་པར་ཤར་བགྲོད་ཐུབ་རྒྱུ་ཡིན་པ་རེད།  

d63933e411d88ddb5d05f7d6a40b6dba.jpg


མཉམ་སྤྱོད།