དེ་རིང་ནི2025ལོའི་ཟླ11པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་མཚོ་བྱང་གིས་རོང་འབྲོག་ཁུལ་གྱི་ངལ་ནུས་མི་ཐེངས་ཁྲི4.742གཞན་སྒྱུར་ལས་ཞུགས་བྱས་པ།

2025-11-12 14:48:29   |   45

སྒྲིག་སྒྱུར།    སངས་དོན།     ཡོང་ཁུངས།   མཚོ་སྔོན་གསར་འགྱུར་དྲ་བ།     བཤེར་འབེབས།     རིན་ཆེན་ཚེ་རིང་།


མཚོ་སྔོན་གསར་འགྱུར་དྲ་བ·ཅང་ཡོན་གསར་འགྱུར་མགྲོན་སྣེའི་གནས་ཚུལ། ད་ལོའི་ཚུན་ཏུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས“དྲོད་ཁོལ”བྱ་སྤྱོད་གསར་གཏོད་བྱས་ནས་རང་འགུལ་ངང་ལས་ཞུགས་ཞབས་ཞུ་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱལ། མིག་སྔའི་བར། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི4.742གཞན་སྒྱུར་ལས་ཞུགས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་བ་དང་། མཁར་གྲོང་གི་མི2369གསར་དུ་ལས་ཞུགས་ཐུབ་ནས་ལས་ཤོར་ཐོ་འགོད་བྱེད་ཚད1.787%ཡི་དམའ་ཤོས་སུ་ཚོད་འཛིན་བྱས་ཤིང་། ལས་ཞུགས་ཀྱི་གནས་ཚུལ་རྒྱུན་མཐུད་ངང་བརྟན་པོ་བྱུང་ཡོད།   

མཚོ་བྱང་ཁུལ་གྱིས“སྒོ་རྩར་སོང་ནས་མཐིལ་རྟོགས་གྲལ་བཤེར་དང་གྲངས་གཞི་ཞིབ་བསྡུར་བྱེད་པའི”བྱེད་ཐབས་བརྒྱུད་ནས་ལས་ཞུགས་ཀྱི་གཞི་གྲངས་ཁོང་དུ་ཆུད་པར་བྱས་ཤིང་།  གྲངས་གཞི་ཁྲི10.08འཚོལ་བསྡུ་དང་དབྱེ་ཞིབ་བྱས་པས་མི་སྣའི་གཞི་གྲངས་གསལ་པོ་དང་། ལས་ཞུགས་ཀྱི་གནས་ཚུལ་གསལ་པོ། ཞབས་ཞུའི་དགོས་མཁོ་གསལ་པོ་བཅས་བྱུང་ཡོད་པ་མ་ཟད། “གྲངས་གཞིའི་ལྟེ་གནས+ཧུར་བརྩོན”ཞབས་ཞུའི་མ་ལག་ལ་བརྟེན་ནས་ལས་ཤོར་མི་སྣ་སོགས་ལས་ཞུགས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་གནད་སྨིན་དབྱེ་འབྱེད་དང་། “སྒོ་རྩར་སོང་ནས་གནས་ཚུལ་རྒྱུས་ལོན་དང་ཤེས་རྟོགས་བྱེད་པའི”ཞབས་ཞུ་མཁོ་འདོན་བྱས་ཏེ“རོགས་རམ་བྱེད་དགོས་རིགས་ལ་རོགས་རམ་བྱེད་པ”མངོན་འགྱུར་བྱས་ཡོད།  “ལས་ཞུགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་དམངས་ཕན་ཁ་གསབ་འདང་ངེས་སྤྲོད་པའི”དམིགས་ཚད་ལ་དམིགས་ནས་ལས་གནས་བརྟན་པོ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་ཞུགས་སྲིད་ཇུས་ཕྱོགས་ཡོངས་ནས་དྲིལ་སྒྲོག་བྱས་པ་དང་། “འབྲེལ་ཡོད་ལས་ཞུགས་སྲིད་ཇུས་ཀྱི་དཔེ་དེབ”ཁྲི2ལྷག་ཙམ་དཔར་འགྲེམས་དང་། སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་སོགས་ལས་ཞུགས་སྲིད་ཇུས་ཀྱི་ཆ་འཕྲིན་དུས་ཐེངས50ལྷག་ཙམ་སྤེལ་བ། ལས་རིགས་གསོ་སྦྱོང་སོགས་ཀྱི་ལས་ཞུགས་དམངས་ཕན་མ་དངུལ་སྒོར་དུང་ཕྱུར1.2བརྩོན་ལེན་དངོས་འབེབས་བྱས་པ་དང་ངལ་རྩོལ་པ་མི་ཁྲི8.6ལྷག་ལ་ཕན་ཁེ་ཐོབ་ཡོད། 

“མཁར་གྲོང་དང་གྲོང་སྡེ། ཁེ་ལས་བཅས་སུ་སྐྱོད་པ”སོགས“སྐྱོད་པ་གསུམ”གྱི་ལས་ཞུགས་ཞབས་ཞུའི་རྣམ་པ་གསར་གཏོད་བྱས་ནས་ལས་གནས་སྒོ་རྩར་སྐྱེལ་བར་སྐུལ་འདེད་དང་། ཡུལ་བབ་དང་བསྟུན་ནས་དཔྱིད་རླུང་བྱ་སྤྱོད་དང་ཐད་གཏོང་ཚོང་གཉེར་སོགས་ཀྱི་གདན་ཞུའི་བྱེད་སྒོ་སྤེལ་བ་དང་། ཁེ་ལས2000ལྷག་ཙམ་སྒྲིག་འཛུགས་བྱས་ནས་ལས་ཞུགས་ལས་གནས་ཁྲི3ལྷག་ཙམ་མཁོ་འདོན་བྱས་ཏེ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་དེ་ཐག་ཉེ་ས་ནས་གཞན་སྒྱུར་ལས་ཞུགས་མི་ཐེངས་ཁྲི3.328མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་། “རྫོང་དང་ཁེ་ལས་འགན་ལེན་བྱེད་པའི”ལམ་སྲོལ་བཙུགས་ནས་ལག་ལེན་བསྟར་བ་དང་མཚོ་བྱང་ཁུལ་ཡོངས་ཀྱི་ལས་ཞུགས་ལས་དོན་མི་སྣས“གཅིག་གཏད་གཅིག”གི་འགན་གཙང་ལེན་གྱི་གཙོ་གནད་ལས་མི་སྤྱོད་པའི་ཁེ་ལས46ཡོད། ཁེ་ལས་ཀྱི་ཐོན་སྐྱེད་རྩལ་ནུས་ཤེས་ལྡན་མི་སྣ་གསོག་འཇོག་ཧུར་ཐག་བྱས་ནས་ལས་རིགས་རྩལ་ནུས་མཐོར་འདེགས་གསོ་སྦྱོང་དང་ལས་རིགས་རྩལ་ནུས་འགྲན་བསྡུར་སྤེལ་བ། ཁེ་ལས་སུ་སོང་ནས་ཁེ་ལས་ལ་ཕན་པའི་སྲིད་ཇུས་གསལ་འགྲེལ་བྱས་ནས་རིམ་རྩིས་བྱས་ན་ལས་བརྟན་ཁ་གསབ་སྒོར་ཁྲི238.86དོན་འཁྱོལ་བྱས།


མཉམ་སྤྱོད།