དེ་རིང་ནི2025ལོའི་ཟླ11པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རིང་མོའི་འདབས་ཀྱི“འབྲོག་གླུ་གསར་པ”།

2025-11-13 10:06:07   |   63

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།  ཞིན་ཧྭ་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


01.jpg

ཟླ11པའི་ཚེས10ཉིན། སྟོང་དཔོན་ཕྱུགས་རའི་རྫི་བོས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་ཕྱུགས་འཚོ་བཞིན་པ།

02.jpg

འདི་ནི་ཟླ11པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་སྟོང་དཔོན་ཕྱུགས་ར་ནས་བླངས་པའི་རྭ་མེད་བོད་ལུག་རེད།

03.jpg

འདི་ནི་ཟླ11པའི་ཚེས9ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་སྟོང་དཔོན་ཕྱུགས་ར་ནས་བླངས་པའི་རྭ་མེད་བོད་ལུག་རེད།

04.jpg

ཟླ11པའི་ཚེས10ཉིན། ཨར་ལས་བཟོ་པས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་སྟོང་དཔོན་ཕྱུགས་རའི་གནས་སྐོར་སྒར་ཁ་ནས་ཨར་ལས་བྱེད་བཞིན་པ།

05.jpg

ཟླ11པའི་ཚེས11ཉིན། བཟོ་པས་སྟོང་དཔོན་ཕྱུགས་རའི་ལས་སྣོན་འཁོར་ཁང་དུ་ཞོར་ཟས་ཐོན་རྫས་བྱེད་བཞིན་པ།

06.jpg

ཟླ11པའི་ཚེས11ཉིན། ཡི་དམ་རྡོ་རྗེ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་སྟོང་དཔོན་ཕྱུགས་རའི་ཚོང་ཁང་གི་མདུན་དུ་འགྲོ་བཞིན་པ།

07.jpg

ཟླ11པའི་ཚེས11ཉིན། ཡི་དམ་རྡོ་རྗེས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་སྟོང་དཔོན་ཕྱུགས་རའི་ཚོང་ཁང་དུ་ཞོར་ཟས་ཐོན་རྫས་འགྲེམས་སྟོན་བྱེད་བཞིན་པ།

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ནི་མདོ་ལ་རིང་མོའི་ལྷོ་འདབས་སུ་ཆགས་ཡོད་པ་དང་། རྩྭ་ཐང་ཡངས་ཤིང་རྒྱ་ཆེ་ལ་ནོར་ལུག་ཁྱུ་དང་ཁྱུ་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གའི་ཕྱུགས་ལས་ཀྱིས་དེང་རབས་ཚན་རྩལ་དང་ཐོན་ལས་ཀྱི་སྦྲེལ་ཐག་ལ་བརྟེན་ནས་ལྗང་མདོག་ནུས་ཆེའི་འཕེལ་རྒྱས་ལམ་ཁར་བསྐྱོད་བཞིན་ཡོད། 

ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་བོད་རིགས་གཞོན་ནུ་ཡི་དམ་རྡོ་རྗེས་སློབ་ཆེན་ནས་མཐར་ཕྱིན་རྗེས་སྟོང་དཔོན་ཕྱུགས་ར་ཀུང་སི་བཙུགས་པ་དང་། མདོ་ལ་རིང་མོའི་བོད་ལུག་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཚན་ཞིབ་ཚོགས་པ་དང་མཉམ་འབྲེལ་བྱས་ནས་ཕྱུགས་རའི་རྭ་མེད་བོད་ལུག་འདེམས་གསོ་དང“ལོ་གཉིས་ལ་མངལ་ཐེངས་གསུམ”སྦྲུམ་པ་སོགས་ནུས་ཆེའི་གསོ་སྤེལ་ལག་རྩལ་ནང་འདྲེན་བྱས་པས་ལུ་གུ་གསོན་ཚད་དང་བཤས་རར་གཏོང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད། ཕྱུགས་རས་ད་དུང“ཐོན་སྐྱེད་རྟེན་གཞི+ལས་སྣོན་ལྟེ་གནས+ཕྱིར་ཚོང་མཐའ་སྣེ+ཕྱུགས་ལས་དང་གནས་སྐོར་མཉམ་འདྲེས་བཅས་ཟུང་དུ་འབྲེལ་བའི”འབྲེལ་ཐག་ཧྲིལ་པོའི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་བོད་ལུག་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་སྤུས་རྟགས་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་སྲོལ་རྒྱུན་གྱི་མདོ་ལའི་ཞིང་ཕྱུགས་ཐོན་རྫས་དེ་སྔར་བས་ཡངས་པའི་ཚོང་རར་སྐྱོད་རྒྱུར་རམ་འདེགས་བྱས་ཡོད།

ཁེ་ལས་ཀྱི་སྣེ་ཁྲིད་འོག འབྲོག་པ་མང་པོ་ཞིག་སྟོང་དཔོན་ཕྱུགས་རའི་བཟོ་པ་དང་རྫི་བོར་གྱུར་ཡོད། མདོ་ལའི་བོད་ལུག་ཀྱང་ཉིན་རེ་བཞིན་འཛད་སྤྱོད་པ་དང་གནས་སྐོར་བར་རྒྱུས་མངའ་ཡོད་པར་གྱུར་ནས་མཐོ་སྒང་ཕྱུགས་ལས་ཀྱི“གསེར་བྱང”ཞིག་ཏུ་གྱུར་ཡོད། ད་ལྟ། རྩྭ་ཐང་ནས་འཁོར་ཁང་དང་།  ཕྱུགས་ར་ནས་གསོལ་ཁང་བར་གྱི་བརྒྱུད་རིམ་ཧྲིལ་བོར་སྲོལ་རྒྱུན་དང་དེབ་རབས་མཉམ་འདྲེས་ཀྱི་འབྲོག་གླུ་གསར་པ་ཞིག་མདོ་ལ་རིང་མོའི་འདབས་སུ་གྲགས་བཞིན་ཡོད།


མཉམ་སྤྱོད།